རྟ་ཐང་རྫོང་གིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་མངོན་འགྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་རང་སྐྱོང་རྫོང་གིས་ལོ་འདི་དག་གི་རིང་ལ་དབང་པོ་སྐྱོན་ཅན་མི་སྣའི་ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱེད་པ་མཚམས་མ་ཐག་པར། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྒོ་ནས་སྐུལ་འདེད་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པ་རེད།

དབང་པོ་སྐྱོན་ཅན་མི་སྣའི་ཁྱིམ་ཚང་གི་སྒོ་ཁར་འོངས་ནས་ཞབས་ཞུ་བསྒྲུབ་པར་སྐུལ་འདེད་བྱས་ནས། འགྲོ་འདུག་སྟབས་བདེ་མིན་པའི་དབང་པོ་སྐྱོན་ཅན་མི་སྣ་དག་ལ་དངོས་སུ་ཁྱིམ་ཚང་དུ་འོངས་ནས་གསལ་འབྱེད་ཞིབ་ཕྲ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་འགྲོ་ལུགས་སྒྲུབ་པ་རེད། གནད་འཁེལ་དབུལ་སྐྱོར་དང“ཆ་འཕྲིན་དྲ་རྒྱ+”ལ་ཟུང་འབྲེལ་བྱས་ཏེ་དབང་པོ་སྐྱོན་ཅན་ལ་རོགས་འདེགས་ཡོ་བྱད་དྲ་བའི་སྟེང་ནས་གནད་ཁེལ་རང་བཞིན་གྱི་སྒྲིག་ཆས་འོས་འཚམ་སོགས་དབང་པོ་སྐྱོན་ཅན་མཉམ་འབྲེལ་གྱི་དམངས་དོན་བཟོ་སྐྲུན་བསྒྲུབས། དེ་མིན“མི་རེར་ཐབས་ཇུས་རེ”ཡི་ཞབས་ཞུ་གཏིང་ཟབ་དུ་སྤེལ་ནས། དབང་པོ་སྐྱོན་ཅན་མི་སྣ་དག་གི་གཟུགས་པོའི་མཐོ་ཁྱད་འཇལ་ཏེ་ཞབས་ཞུའི་ཇུས་གཞི་ཧུར་ཐག་སྒོས་གཏན་འབེབས་བྱས། ཤུགས་ཆེན་པོའི་སྒོ་ནས“མཐོང་ལམ་རོགས་སྒྲུབ་དང་ཉན་ཐོས་རོགས་སྒྲུབ། འགྲོ་སྐྱོད་རོགས་སྒྲུབ”བཅས་ཀྱི་བཟོ་སྐྲུན་དངོས་སུ་ལག་བསྟར་བྱས། དེ་མིན་ལིང་ཏོག་མིག་ནད་ཅན་ལ་རིན་མེད་གཤག་བཅོས་སྨན་གསོ་བྱས་ཤིང་། སྐྱེས་མ་ཐག་གི་བུས་པ་ནས་ལོ6བར་གྱི་ཤེས་དམན་བྱིས་པ་དག་གི་བདེ་སྲུང་སྦྱོང་བརྡར་ཐད་ལ་རིན་མེད་སྨན་གསོ་བྱས། ཡན་ལག་དབང་པོ་སྐྱོན་ཅན་མི་སྣ་དག་ལ་ཡན་ལག་བརྫུས་མའི་རོགས་འདེགས་སྒྲིག་ཆས་སྒྲིག་འཇུག་བྱས། དེ་མིན་བདག་སྐྱོང་བྱེད་མཁན་མེད་པའི་དབུལ་ཕོངས་མི་སྣའི་དབང་པོ་སྐྱོན་ཅན་མི་སྣ་དག་ལ་ཁྱིམ་མཚེས་བར་དུ་གསོ་སྐྱོང་བྱེད་པའི་ཞབས་ཞུ་ལག་བསྟར་བྱས། དབང་པོ་སྐྱོན་ཅན་མང་ཚོགས་ལ་ཁ་གཏད་ནས་འགྲོ་འདུག་སྟབས་བདེ་མིན་པ་དང་དུས་ལྟར་སྨན་བཅོས་སྒྲིག་འཛུགས་ལས་ཁུངས་སུ་ལུས་པོའི་བདེ་སྲུང་སྨན་བཅོས་བྱེད་མི་ཐུབ་པའི་གནས་ཚུལ་ཅན་ལ། སྨན་བཅོས་དབང་པོ་སྐྱོན་ཅན་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས་དབང་པོ་སྐྱོན་ཅན་མང་ཚོགས་ལ་བདེ་སྲུང་དགོས་མཁོའི་ཐད་ཀྱི་རེ་འདུན་རྩད་གཅོད་དང་སྨན་བཅོས་བྱས་པ་རེད།

དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་ལ་ཆེད་དུ“འགོག་མེད་རྒྱུ་ལམ”གསར་འཛུགས་བྱས་ཡོད། ཞབས་ཞུའི་སྒྲིག་འཛུགས་ཐད་ལ་འགོག་རྐྱེན་མེད་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། དབང་པོ་སྐྱོན་ཅན་མི་སྣའི་འགྲོ་འདུག་ལས་སྒྲུབ་ཐད་ལ་སྟབས་བདེ་གང་ལེགས་མང་པོ་བསྐྲུན་ཡོད། དབང་པོ་སྐྱོན་ཅན་མི་སྣའི་བཅའ་ཁྲིམས་ཞབས་ཞུའི་ཁེ་དབང་ལས་རྐང་གསར་འཛུགས་ཀྱིས་བཅས་ཁྲིམས་ཞབས་ཞུའི་ལྟེ་གནས་སུ་ཁྲིམས་རྩོད་པ་གདན་འདྲེན་འཆད་ཁྲིད་བྱེད་པའི་ལམ་ལུགས་དངོས་སུ་ལག་བསྟར་བྱས་ཏེ། དབང་པོ་སྐྱོན་ཅན་མི་སྣ་ལ་བཅའ་ཁྲིམས་ཀྱི་བརྒྱུད་རིམ་ཡང་དག་དང་གོང་གཏུག་རེ་འདུན་ཡང་དག་ཐད་ལ་སྣེ་ཁྲིད་ཀྱིས་དུས་ལྟར་དྲི་བར་ལན་འདེབས་པ་དང་དབང་པོ་སྐྱོན་ཅན་མི་སྣའི་ཡིག་བསྐུར་ངོ་གཏུག་གྱོད་དོན་རེ་རེ་ཐག་གཅོད་གསལ་བོ་བྱས་ཡོད།

དེ་ལས་གཞན་རྫོང་དེས་དབང་པོ་སྐྱོན་ཅན་མི་སྣའི་ལས་ཞུགས་འགན་སྲུང་མ་དངུལ་ཐད་ལ་ཞིབ་བཤེར་བྱེད་པའི་ལས་བསྡུའི་ཚད་གཞི་ཆེས་ཆེར་བཏང་ནས། མི་བཀོལ་ལས་ཁུངས་ཀྱིས་དབང་པོ་སྐྱོན་ཅན་མི་སྣའི་ལས་ཞུགས་ཐད་ལ་ལྟ་སྐུལ་སློབ་གསོ་བཏང་ཡོད། དབང་པོ་སྐྱོན་ཅན་ཞིང་བའི་ཆེད་ལས་རྩལ་ནུས་གསབ་སྦྱོང་འཛིན་གྲྭའི་ནུས་རྩལ་མཐོར་འདེགས་སུ་བཏང་སྟེ། ཞིང་སྡེའི་དབང་པོ་སྐྱོན་ཅན་མི་སྣ་དག་ལ་ཞིང་ལས་འདེབས་འཛུགས་གསོ་སྤེལ་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ། རང་སྟེང་གི་དབུལ་ཐར་ཕྱུག་འགྱུར་བྱ་བའི་ནུས་པ་ཡང་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།