ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཚོགས་རའི་བྱ་འགུལ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ5ཚེས19ཉིན། “ཤེས་རིག་དང་ཡུལ་སྐོར་མཉམ་བསྲེས། མཛེས་སྡུག་གི་འཚོ་བ་མཉམ་རོལ”ཞེས་པ་བརྗོད་དོན་ཡིན་པའི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། མཚོ་ནུབ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་ཅུའུ། མཚོ་ནུབ་ཁུལ་དབང་པོ་སྐྱོན་ཅན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི2019ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་ཚོགས་རའི་བྱ་འགུལ་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལ་རོགས་འདེགས་ཉིན་མོའི་བྱ་འགུལ་དེ་སྐར་ཚོགས་ཁྲོད་ཀྱི་མཁར་རྫོང་ངམ་འཆར་ཡན་གྱིས་ཕྱུག་པའི་གྲོང་ཁྱེར་དུ་འབོད་པའི་གཏེར་ལེན་ཁ་གྲོང་ཁྱེར་དུ་སྤེལ་པ་རེད།

ཟླ5ཚེས18ནས་ཚེས22བར་གྱི་བྱ་འགུལ་དུས་ཡུན་ཁྲོད་མཚོ་ནུབ་ཁུལ་གྱིས་བརྗོད་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་རབས་དང་རིམ་པ་མང་པོ་སྤེལ་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དག་ལ་སྔ་ན་མེད་པའི་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་ལེགས་པོ་ངོ་སྤྲོད་འོས་སྦྱོར་བྱས་ནས། ཡོངས་ཁྱབ་རང་བཞིན་སྒོས་མཚོ་ནུབ་ཁུལ་གྱི་ཁྱབ་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་འགྲེམས་སྟོན་གང་ལེགས་བྱས་ཡོད། ཡུལ་སྐོར་བ་དག་ལ་སྔར་ལས་བླ་ལྷག་སྒོས་ཐོན་རྫས་བདམས་གསེས་བྱེད་དུ་བཅུག་ཡོད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཁྲང་ཧོང་ཨན་གྱིས་བསྟན་དོན། ཐེངས་འདིར་སྒྲུབ་པའི་བྱ་འགུལ་འདིས་དགོངས་དོན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་ཏེ། རིག་དངོས་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཤིང་། མཉམ་བསྲེས་ཀྱི་རྩ་དོན་རྒྱུན་འཁྱོངས་སྒོས། དམངས་ཕན་བྱ་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཏེ། རིག་དངོས་མཉམ་བསྲེས་ཀྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་དང་དྲིལ་སྒྲོག་གིས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་ཡུལ་སྐོར་བརྩེ་སེམས་སྔར་ལས་འཕེལ་རྒྱས་སུ་བཏང་ཡོད། དེ་ཡང519བྱ་འགུལ་ཁྲོད་རྒྱ་ཁྱབ་སྒོས་ཟབ་ཞུགས་རང་བཞིན་དང་ཡོངས་ཁྱབ་ཀྱི་དམངས་ཕན་རང་བཞིན་སྤེལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་ལས་རིགས་དེ་ལོ་གཅིག་གི་དུས་ཆེན་གལ་ཆེན་ཞིག་ལ་འགྱུར་དུ་བཅུག་ནས། སྤྱི་ཚོགས་ཧྲིལ་བོའི་ཁྱབ་ཁོངས་སུ་ཡུལ་སྐོར་ལ་དོ་ཁུར་དང་ཡུལ་སྐོར་ལ་རྒྱབ་སྐྱོར། ཤེས་རིག་གི་ཡུལ་སྐོར་བསྐྲུན་པའི་མཁའ་དབུགས་ལེགས་པོ་ཞིག་གསར་སྐྲུན་བྱ་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།