མ་འོངས་པའི་ཉིན7གྱི་ནང་མཚོ་སྔོན་གྱི་ས་ཁུལ་མང་ཤོས་ལ་ཁངས་ཆར་འབབ་པ་དང་གཤམ་གྱི་ལམ་རྒྱུད་འདི་དག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ།

ཟླ5ཚེས20ནས་ཟླ5ཚེས26ཉིན་བར།

སྔོན་དཔག་བྱས་པ་ལྟར་ན་མ་འོངས་པའི་ཉིན7གྱི་ནང་རང་ཞིང་གི་ས་ཁུལ་མང་ཤོས་ལ་ཁངས་ཆར་འབབ་པའི་གནམ་གཤིས་གནས་ཚུལ་འབྱུང་རྒྱུ་ཡིན་པ་དང་། ནང་སྒོས་སུ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་ཆར་འབབ་པའི་གནམ་གཤིས་གནས་ཚུལ་ཅུང་མང་རྒྱུ་རེད།

སྔོན་དཔག་བྱས་པའི་བྱེ་བྲག་གི་བརྒྱུད་རིམ་ནི་གཤམ་གསལ་ལྟར།

ཟླ5ཚེས20ནས་ཟླ5ཚེས21ཉིན། མགོ་ལོག་ཁུལ་གྱི་ས་ཁུལ་མང་ཆེ་ཤོས་དང་རྨ་ལྷོའི་ལྷོ་ཕྱོགས། ནང་ཆེན། ཁྲི་འདུའི་སྡོམ་མདའ་ས་ཁུལ། ཆུ་དམར་ལེབ། གདང་ལའི་རི་རྒྱུད་སོགས་སུ་ཆར་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་མང་རྒྱུ་རེད།

ཟླ5ཚེས22ཉིན་ནས་ཟླ5ཚེས23ཉིན། ཟི་ལིང་དང་མཚོ་ཤར། མཚོ་བྱང་གི་ཤར་རྒྱུད། རྨ་ལྷོ། མགོ་ལོག་གི་ས་ཁུལ་མང་ཆེ་བ། ཡུལ་ཤུལ་གྱི་ས་ཁུལ་མང་ཆེ་བ། མཚོ་ལྷོའི་ལྷོ་རྒྱུད། གདང་ལ་རི་བོའི་ས་ཁུལ་བཅས་ལ་ཆར་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་མང་རྒྱུ་རེད།

ཟླ5ཚེས24ཉིན། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་གྱི་ས་ཁུལ་མང་ཆེ་ཤོས་ལ་སྤྲིན་མང་པ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་ནས་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།

ཟླ5ཚེས25ཉིན་ནས་ཟླ5ཚེས26ཉིན་བར། མཚོ་ནུབ་དང་ཡུལ་ཤུལ། མགོ་ལོག་བཅས་ལ་སྤྲིན་མང་པ་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།

ཁངས་ཆར་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་སྲིད་པའི་ལམ་རྒྱུད་ཁག

མྱུར་བགྲོད་གཞུང་ལམ་གྱི་ལམ་རྒྱུད།


མྱུར་བགྲོད་གཞུང་ལམG6དངམྱུར་བགྲོད་གཞུང་ལམG0611 མྱུར་བགྲོད་གཞུང་ལམG0612  མྱུར་བགྲོད་གཞུང་ལམG0613 མྱུར་བགྲོད་གཞུང་ལམG0615 མྱུར་བགྲོད་གཞུང་ལམ61816བཅས་ཡིན།

རྒྱལ་ཁབ་རིམ་པའི་གཞུང་ལམ་གྱི་ལམ་རྒྱུད།


རྒྱལ་ཁབ་རིམ་པའི་གཞུང་ལམ109ལམ་ཐིག་སྟེ་ཤང་ཐང་ཟམ་ཆེན་ནས་ཞིང་ཆེན་བརྒལ་བའི་གཏེར་ལམ་ལམ་རྒྱུད། G214གཞུང་ལམ། G227གཞུང་ལམ། G315གཞུང་ལམ་བཅས་ཡིན།

དྲན་སྐུལ་གསལ་འདེབས།

སྔོན་དཔག་བྱས་པ་ལྟར་ན་གཟའ་འཁོར་འདིའི་ནང་རང་ཞིང་གི་ས་ཁུལ་མང་ཤོས་ལ་ཁངས་ཆར་འབབ་པའི་གནམ་གཤིས་གནས་ཚུལ་འབྱུང་རྒྱུ་ཡིན་ལ། མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་གཞུང་ལམ་ལམ་རྒྱུད་སོ་སོར་གནས་སྐབས་སུ་ལམ་ཁངས་ཆག་པ་དང་གཞུང་ལམ་སྟེང་དར་ཆག་པ། ལམ་ངོས་ནས་ཤུད་སླ་བ། མཐོང་ལམ་ཇེ་ཐུང་དུ་འགྲོ་སྲིད་པས། རྒྱ་ཆེའི་རླངས་འཁོར་ཁ་ལོ་བ་དག་གིས་རླངས་འཁོར་གྱི་ཤར་བགྲོད་བདེ་འཇགས་ལ་འགན་སྲུང་བྱས་ཏེ། རླངས་འཁོར་དལ་གྱིས་བསྐོར་བ་དང་རླངས་འཁོར་གྱི་འགྲོ་སྐྱོད་ལ་མཉམ་འཇོག་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།