མཚོ་སྔོན་གྱིས་ད་ལོ་དང་སང་ལོ་གཉིས་ནང་ཆ་རྐྱེན་ཚང་བའི་སྒྲིག་ཁོངས་གྲོང་ཚོ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱ་རྒྱུ་རེད།

ཟླ4ཚེས24ཉིན་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་པར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི2019ལོ-2020བར་སྒྲིག་ཁོངས་གྲོང་ཚོ་གསར་པར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱ་བའི་ཇུས་གཞི》གཞིར་བཟུང་། ད་ལོར་ཞིང་ཆེན་ཡོངས་སུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་གི་སྒྲིག་ཁོངས་གྲོང་ཚོ320གསར་དུ་བསྣན་རྒྱུ་དང་། དེ་ལས་ཆ་རྐྱེན་ཚང་པའི་སྒྲིག་ཁོངས་གྲོང་ཚོར་ད་ལོའི་ནང་ཤར་གཏོང་བྱ་རྒྱུ་རེད། སང་ལོར་འདིའི་རྨང་གཞིའི་སྟེང་ཆ་རྐྱེན་ཚང་བའི་སྒྲིག་ཁོངས་གྲོང་ཚོ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་ནས2020ལོའི་ལོ་མཇུག་ལ་ཆ་རྐྱེན་ལྡན་པའི་སྒྲིག་ཁོངས་གྲོང་ཚོ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

2018ལོའི་ལོ་མཇུག་བར་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་གྲོང་གཞུང་ལམ་སྤྱིའི་ལམ་ཐག་ལེ་དབར60382ཡོད་ཅིང་། 98.6%ཡི་ཤང་དང་གྲོང་རྡལ་དང་། 100%སྒྲིག་ཁོངས་གྲོང་ཚོ་ལ་སྣུམ་ལམ་བཏང་ཡོད་པ་དང་། 100%ཡི་ཤང་དང་གྲོང་རྡལ་དང་88.8%ཡི་སྒྲིག་ཁོངས་གྲོང་ཚོ་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས། གཞན“ཕྱི་ལ་མཐུད་ཅིང་ནང་ལ་སྦྲེལ། ཞིང་སྡེར་བརྟོལ་ལ་ཡུལ་ཚོར་འབྱོར། འགྲུལ་སྐྱེལ་རླངས་འཁོར་བདེ་ཞིང་འཇགས”བཅས་ཀྱི་ཞིང་གྲོང་གཞུང་ལམ་གྱི་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཐོག་ཆགས་ཡོད་པ་རེད།

ཞིང་གྲོང་གི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་བའི“མཇུག་མཐའི་ལེ་དབར་གཅིག”ཤར་བསྐྱོད་ཐུབ་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་ཞིང་གྲོང་གི་གཞུང་ལམ་ལེ་དབར4000དང་། དམངས་ཕན་གྱི་ཟམ་པ150གདིང་རྒྱུའི་འཆར་གཞི་བཟོས་ཏེ། ཟླ7པའི་ཟླ་མཇུག་གི་སྔོན་ལ་ཡུལ་གཞན་གནས་སྤོ་གཅིག་བསྡུས་བཀོད་སྒྲིག་བྱེད་ས83ཡི་གཞུང་ལམ་ཆ་ཚང་འགྲུབ་ཏུ་བཅུག་ནས་ད་ལོའི་ནང་ཞིང་ཆེན་ཡོངས་སུ་ཆ་རྐྱེན་ཚང་བའི100%ཡི་ཞིང་སྡེ་དང་གྲོང་རྡལ་ལ་སྣུམ་ལམ་དང་། ཆ་རྐྱེན་ཚང་བའི100%ཡི་ཞིང་སྡེ་དང་གྲོང་རྡལ་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་བྱས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།