མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་གསར་གཉེར་རོང་འབྲོག་མི་འབོར་ཁྲི1.3ལ་བསླེབས་པ།

སྔ་ཕྱི་ཡོངས་ལ་སྡོམ་རྩིས་ཤིག་བརྒྱབ་ན་རོང་འབྲོག་གི་ཆེད་ལས་ལས་རིགས་གསར་པའི་སྐོར་ནས་ཟབ་སྦྱོང་ཐོབ་པའི་རོང་འབྲོག་པ་ཁྲི7.6ལ་བསླེབས།

ཞིང་གྲོང་བཅོས་སྒྱུར་དང་དེང་རབས་ཞིང་ལས་གོང་སྤེལ་གཏིང་ཟབ་སྤེལ་ནས“ས་ཞིང་སུས་རྨོ་བའི”རྩ་གནད་ལ་འགྲེལ་རྒྱག་པའི་ཕྱིར། མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ཚོད་ལྟའི་རྨང་གཞིའི་སྟེང་། 2013ལོའི་ཚུན་ལ་རོང་འབྲོག་གི་ལས་རིགས་གསར་དར་སྐོར་ནས་གསོ་སྐྱོང་བྱ་བའི་ལས་གཞི་ལག་བསྟར་གྱི་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་ཅིང་། ད་ཕན་རྫོང39(གྲོང་ཁྱེར་དང་ཆུས)ནས་ཟབ་སྦྱོང་སྤེལ་ཡོད་པ་རེད།

རོང་འབྲོག་པ་སྐྱེད་སྲིང་གི་ལས་དངོས་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ངོས་ནས《རོང་འབྲོག་གི་ཆེད་ལས་ལས་རིགས་གསར་པ་སྐྱེད་སྲིང་ལས་ཀར་སྐུལ་འདེད་གཏོང་བའི་སྐོར་གྱི་སློབ་སྟོན་བསམ་འཆར》བཟོས་ཏེ། སློབ་གསོའི་ཟབ་སྦྱོང་དང་ངོས་འཛིན་དོ་དམ། སྲིད་ཇུས་རོགས་སྐྱོར་བཅས“གནས་གསུམ་གཞི་གཅིག”ཅན་དང་། ཐོན་སྐྱེད་གཉེར་སྐྱོང་། ཆེད་ལས་ལག་རྩལ། ཆེད་ལས་ཞབས་ཞུ་བཅས“རྣམ་པ་གསུམ་མཉམ་ལས”ཅན། ཞིང་པའི་འཇོན་ཐང་ལས་རབ་འབྲིང་ཐ་གསུམ་གྱི་དཔང་ཡིག་རིམ་པ“གཅིག་ལ་གཅིག་རྟེན”བཅས་ཡིན་པའི་རོང་འབྲོག་པའི་ལས་རིགས་གསར་པ་སྐྱེད་སྲིང་གི་ལམ་ལུགས་མ་ལག་ཐོག་མར་བཙུགས་ལ། དེས་སྐྱེད་སྲིང་བྱ་བར་དམིགས་འབེན་ལྡན་ཞིང་། སྐྱེད་སྲིང་བྱས་པའི་རོང་འབྲོག་པའི་ལས་རིགས་གསར་པའི་དཔེ་སྟོན་དང་འཁྲིད་སྟོན་ནུས་པ་མངོན་གསལ་དུ་བཏང་། ད་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་ལས་རིགས་གསར་པར་སྐོར་ནས་ཟབ་སྦྱོང་སྐྱེད་སྲིང་བྱས་པའི་རོང་འབྲོག་པ7.6ཁྲི་ལ་བསླེབས་ཤིང་། དེ་ལས་རོང་འབྲོག་གི་ཆེད་ལས་ལས་རིགས་གསར་པར་ཁས་ལེན་ཐོབ་པའི་རོང་འབྲོག་པ་ཁྲི1.3ཡོད་པས་རོང་འབྲོག་གི་ཆེད་ལས་ལས་རིགས་དེ་མཚོ་སྔོན་གྱི་ཞིང་གྲོང་དང་འབྲོག་ཁུལ་གྱི་ལས་རིགས་གོང་དུ་སྤེལ་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།