མདོ་ལ་རྫོང་གིས་དུག་འགོག་དྲིལ་སྒྲོག་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས15ཉིན། མདོ་ལ་རྫོང་དུག་འགོག་ལས་དོན་ཨུ་ཡོན་ལྷན་ཁང་རྩ་འཛུགས་སྤྱི་བདེ་དང་། འགྲིམ་འགྲུལ་ཉེན་རྟོག དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་མཁར་གསར་ཁུལ་གྱི་རིག་གནས་ཐང་ཆེན་ནས་དུག་འགོག་བྱེད་སྒོ་རབ་དང་རིམ་པ་སྤེལ།

བྱེད་སྒོའི་ཁྲོད་དུ།ལས་བྱེད་མི་སྣས་ཁ་གསལ་ཞིང་གོ་སླ་བའི་སྐད་ཆས་བསྡུ་ལེན་བྱས་པའི་དུག་འཐེན་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ།དོན་ཟབ་ལ་གོ་སླ་བའི་སྒོ་ནས་ཚང་མར་དུག་རྫས་ཀྱི་གནོད་འཚེ་གསལ་བཤད་བྱས་ཤིང་།དཔེ་མཚོན་དངོས་ཀྱིས་སྟེང་ནས་ཚང་མར་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་སྐྱེད་དགོས་པ་དང་དུག་རྫས་དང་རིང་དུ་བཀྱེད་དགོས་པའི་བསླབ་བྱ་གནང་། 

བློ་འདྲིའི་སྟེགས་བུ་འཛུགས་པ་དང་དུག་རྫས་གཏན་འགོག་གི་དྲིལ་སྒྲོག་དཔྱད་ཡིག་སྟེར་བ།དུག་རྫས་གཏན་འགོག་གི་འཕྲེད་འགེལ་སྦྱར་ཡིག་འགེལ་བ།དུག་རྫས་གཏན་འགོག་གི་འགྲེམ་པང་།ཡུལ་དངོས་ནས་འགྲེལ་བཤད་རྒྱག་པ་དང་དུག་རྫས་གཏན་འགོག་གི་དྲན་རྟེན་དངོས་པོ་བཀྲམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཡུལ་དངོས་ཀྱི་མང་ཚོགས་ལ་དུག་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དུག་རྫས་ཀྱི་གནོད་འཚེ་ཚབས་ཆེན་སོགས་ཀྱི་ཤེས་བྱ་འགྲེལ་བཤད་ནན་ཏན་བྱས། དེ་དང་ཆབས་ཅིག རྒྱ་ཆེའི་མང་ཚོགས་ཀྱིས་སྐྱོན་བྲལ་ཡར་ཐོན་གྱི་འཚོ་བ་སྐྱེལ་སྟངས་གདམ་ཀ་བྱེད་པ་དང་།དམངས་ཡོངས་དུག་འགོག་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་པ།དུག་མེད་ཞི་མཐུན་གྱི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པ་བཅས་དར་སྤེལ་གཏོང་དགོས་པའི་སྐུལ་མ་བཏང་། བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། དུག་འགོག་ནང་ཞུགས་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་དུག་འགོག་དྲིལ་སྒྲོག་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། 

ཞིང་སྡེ་དང་གྲོང་རྡལ་གྱི་འགན་ནུས་སྡེ་ཚན་ཁག་གིས་ཀྱང་བྱ་སྤྱོད་ཧུར་ཐག་གིས་སྤེལ་ཏེ། དུག་འགོག་དང་བདེ་འཇགས་ཁ་ལོ་བའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས་དུག་འགོག་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་བ་དང་།མི་རིགས་ཁག་གི་མང་ཚོགས་ཀྱིས་དུག་རྫས་ཀྱི་གནོད་འཚེ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དུག་ཤེས་དང་། དུག་འགོག་གི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ཡོད། མི་དམངས་ཉེན་རྟོག་པའི་འགྲེལ་བཤད་ལ་ཉན་རྗེས་གྲོང་མི་ལི་ཀྲི་མིང་དང་བཟའ་ཟླས“དུག་རྫས་ནི་དངོས་འབྲེལ་ངན་དགུ་ཚང་བའི་འབྱུང་ཁུངས་ཤིག་ཡིན་པས།རེག་མི་རུང་ལ་རེག་ཀྱང་མི་ཆོག་པ”མ་ཟད།ཁྱིམ་དུ་ལོག་རྗེས་ནང་མི་དང་གཉེན་ཉེ་གྲོགས་པོར་དུག་རྫས་ཀྱི་གནོད་འཚེའི་རང་བཞིན་དྲིལ་སྒྲོག་བྱས་ཏེ་མི་ཚང་མ་དུག་འགོག་ནང་ཞུགས་རྒྱུར་སྐུལ་སློང་སྒོས། དུས་བདེའི་སྡེ་ཁུལ་དང་ཞི་མཐུན་སྤྱི་ཚོགས་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་མྱོང་ཚོར་ཟབ་མོ་བྱུང་ཟེར།

ད་ཐེངས་ཀྱི་བྱེད་སྒོར་རྫོང་གྲོང་དང་ཞིང་གྲོང་ཁག་གིས་དུག་འགོག་དྲིལ་སྒྲོག་གི་འཕྲེད་འགེལ་སྦྱར་ཡིག17བཀལ་བ་དང་།དུག་འགོག་འགྲེམ་པང30ལྷག་ཙམ་བཞག་པ།དུག་འགོག་དྲིལ་སྒྲོག་དཔྱད་ཡིག2000ལྷག་ཙམ་དང་དྲན་རྟེན་དངོས་རྫས500ལྷག་ཙམ་སྤྲད་པ་བཅས་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།