རང་ཞིང་གིས་མཚོ་སྔོན་ཚོང་མོལ་གྲོས་ཚོགས་དང་མཚོ་སྐོར་འགྲན་སྡུར་སྐབས་ཀྱི་འགྲིམ་འགྲུལ་འགན་སྲུང་ལས་དོན་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་སྟེ།ཟླ6ཚེས18ཉིན་ནས་ཚེས20ཉིན་བར་དང་། ཟླ7ཚེས14ཉིན་བར་རང་ཞིང་གིས་མཚོ་སྔོན་ཚོང་མོལ་གྲོས་ཚོགས་སྐབས་ཉེར་གཅིག་པ་དང་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་སྡུར་སྐབས་དྲུག་པ། མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པ་ཁག་སོ་སོར་སྤེལ་རྒྱུ་ཡིན་པ་རེད། འགྲན་སྡུར་སྐབས་ཀྱི་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་དང་གྲལ་འགྲིག་པ་དང་གོ་རིམ་ལྡན་པ་ཡོང་ཆེད།ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས“འགྲན་སྡུར་གཉིས”ཀྱི་འགྲིམ་འགྲུལ་ཞབས་ཞུ་འགན་སྲུང་སྒྲིག་འཛུགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས“འགྲན་སྡུར་གཉིས”ཀྱི་འགྲིམ་འགྲུལ་འགན་སྲུང་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་ཁོངས་གཏོགས་འབྲེལ་ཡོད་ཚན་པ་ཁག་ལ་གཙོ་གཉེར་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱས་པའི་འགྲིམ་འགྲུལ་ཞབས་ཞུ་འགན་སྲུང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། འགན་འཁྲི་ཁག་བགོས་ལ་ཤུགས་བསྣན་པ་དང་དུས་ཚོད་ཀྱི་་ཁ་གསལ་བཟོས། དེ་བཞིན་ཡུལ་དངོས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཟླ་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ“འགྲན་སྡུར་གཉིས”ཀྱི་འགྲིམ་འགྲུལ་ཞབས་ཞུའི་འགན་སྲུང་ལས་དོན་ལ་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས། འགྲན་སྡུར་དང་འབྲེལ་བ་ཡོད་པའི་ལམ་དུམ་གྱི་རྒྱུན་གཏན་སྐོར་ཞིབ་དང་ལམ་སྲིད་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་།ལྷག་པར་དུ་འགྲན་སྡུར་དང་འབྲེལ་བའི་ལམ་དུམ་གྱི་ཟམ་པ་དང་།ཕུག་ལམ།ཆུ་དང་བྲག་ཁ།ལམ་ཀྱོག་ཆེ་བའི་ལམ་དུམ་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕུག་ལམ་གྱི་གློག་སྒྲོན་དང་གློག་ཤུགས་འགན་སྲུང་ཡག་པོ་བྱེད་དགོས། ཆུ་ལོག་དང་གཡང་གཟར་སོགས་ཉེན་ཁ་ཆེ་བའི་ལམ་དུམ་གྱི་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞུང་ལམ་རྒྱུད་དུ་གས་རྡིབ་དང་།འདམ་རྡོའི་ཆུ་རུད།རི་ཉིལ་སོགས་ས་གཤིས་གནོད་འཚེའི་ལམ་དུམ་བར་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་།མཉེན་གཤིས་འགོག་སྲུང་དྲ་བ་དང་འགོག་སྲུང་རྩིག་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་སྔོན་འགོག་བྱེད་པ་དང་བཅོས་སྒྲིག་ལས་ཡུན་ལྡོག་སྒྲིག་བྱས་ནས་ཤར་བགྲོད་ཐུབ་པའི་ལས་དོན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ཐད་ཀྱི་བླང་བྱ་བཏོན།

དེ་དང་ཆབས་ཅིག“སྔོན་འགོག་ཨང་དང་པོ། འགོག་བཅོས་ཟུང་འབྲེལ”གྱི་རྩ་དོན་མཐའ་འཁྱོངས་སྒོས་ཕྱོགས་ཡོངས་ནས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་ངང་འཕྲལ་སྡོམ་ཤར་བགྲོད་འགན་ལེན་གྱི་སྔོན་ཇུས་བཟོ་བ་དང་།འཕྲལ་སྡོམ་མི་ཤུགས།འཕྲུལ་ཆས།དངོས་རྫས་བཅས་གྲབས་གསོག་ཧུར་ཐག་བྱེད་པ།གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱེད་པ།སྔོན་རྩིས་ཞིབ་འཇུག་དང་སྔོན་དཔྱད་དང་།སློབ་གསོ་གསོ་སྦྱོང་།འཕྲལ་སྡོམ་ནང་སྦྱོང་བཅས་ལ་ཤུགས་སྣོན་པ།གནམ་གཤིས་ངན་པའི་དབང་གིས་འགྲིམ་འགྲུལ་བཀག་འགོག་བྱེད་སྐབས་དུས་ཐོག་ཏུ་མྱུར་བཟོ་ཤར་གཏོང་ཐུབ་པ་བྱས་ནས་འགྲན་སྡུར་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བྱས། བདག་སྐྱོང་མི་སྣ་དང་འཕྲུལ་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལམ་ངོས་གཙང་འཕྱག་དང་གད་སྙིགས་གཙང་འཕྱག་བྱེད་ཚད་མང་དུ་གཏོང་བ་དང་།གཞུང་ལམ་གྱི་ཆུ་འབུད་མ་ལག་བཤངས་ནས་གཏོར་སྐྱོན་ཕོག་པའི་གཞུང་ལམ་གྱི་ཞོར་གཏོགས་སྒྲིག་བཀོད་ཞིག་གསོ་བྱེད་པ།གཞུང་ལམ་གྱི་སྒྲིག་བཀོད་དཀར་རྩི་བྱུགས་པའི་བརྡ་ཁྱབ་སོགས་གཞུང་ལམ་ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་གཞུང་ལམ་གྱི་ལམ་ཁོངས་དང་གཞུང་ལམ་འཛུགས་སྐྲུན་ཚོད་འཛིན་ཁུལ་ནང་གི་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱས་ནས་ཤར་བགྲོད་དང་།བདེ་འཇགས།ལྗང་མདོག སྐྱིད་སྣང་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་པར་ཤུགས་བསྣན།

ཀླུ་མོ།