མཚོ་ཤར་གྲོང་ཁྱེར་གྱི་ཧྲུའུ་ཅི་དང་པོ60ཆིན་ཏའོ་རུ་གསོ་སྦྱོང་ལ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “ད་ཐེངས་ཀྱི་གསོ་སྦྱོང་ནང་ཡུལ་དངོས་སུ་ལྟ་སྦྱོང་དང་སློབ་སྦྱོང་འབོར་ཆེན་བཀོད་སྒྲིག་བྱས་ཡོད་པས་ང་ཚོས་དར་རྒྱས་ཆེ་བའི་ས་ཁུལ་གྱི་དབུལ་སྐྱོར་ཉམས་མྱོང་དང་དབུལ་སྒྲོལ་ཕན་འབྲས་དངོས་སུ་མྱོང་ཚོར་བྱེད་ཐུབ་པ་དང་། ལྷག་པར་དུ་ཁོང་ཚོས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་ཐར་འགག་སྒྲོལ་ལས་དོན་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཉམས་མྱོང་ལས་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་བཟོ་བའི་ལས་དོན་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། ”ཅེས་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་པའེ་ཀྲོང་གྲོང་རྡལ་ཞ་ཁོ་ཝ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་ཅན་མིང་གིས་དེ་ལྟར་བཤད། 

ཉེ་ཆར་མཚོ་ཤར་གྲོང་ཁྱེར་གྱི་དབུལ་ཕོངས་སྡེ་བའི་ཧྲུའུ་ཅི་དང་པོའི་གསོ་སྦྱོང་འཛིན་གྲྭ་ཧྲན་ཏུང་ཆིན་ཏའོ་རུ་སློབ་འགོ་ཚུགས་ཤིང་།གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་པ60དུས་ཡུན་ཉིན5ཡི་གསོ་སྦྱོང་ནང་ཞུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་གཙོ་བོ་ཏང་འཛུགས་སྐྱོང་དང་དབུལ་སྐྱོར།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས།ཐོན་ལས་ཞབས་ཞུ།ནག་སེལ་གཏོར་བཅོམ་སོགས་ཀྱི་ནང་དོན་ལ་དམིགས་ནས་མཐོ་རིམ་སློབ་གྲྭའི་ཆེད་ལས་མཁས་པ་དང་། དབུལ་སྐྱོར་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་སོགས་གདན་དྲངས་ཏེ་ཆེད་དོན་འཆད་ཁྲིད་དང་ཉམས་མྱོང་སྤེལ་རེས་བྱས་པ་དང་།ཡུལ་དངོས་སུ་ཡོད་པའི་ཅའོ་ཀྲོའུ་གྲོང་ཁྱེར་ཡུས་ཧོང་མིའོ་གྲོང་ཚོ་དང་ལའེ་ཤིས་གྲོང་ཁྱེར་ཞུས་ཅན་ཀྲོང་གྲོང་ཚོ་སོགས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དཔེ་སྟོན་གྲོང་ཚོར་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་འཇོན་ཚད་སྔར་བས་མཐོ་རུ་བཏང་བ་དང་།ཧྲུའུ་ཅི་དང་པོའི་འགོ་ཁྲིད་ནུས་པ།དོན་འཁྱོལ་ནུས་པ།ལས་ཀའི་འཇོན་ཐང་།གསར་གཏོད་ནུས་པ་བཅས་ཆེ་རུ་བཏང་ནས“འགན་ལེན་གཉིས”ཀྱི་དབུལ་ཐར་འགག་སྒྲོལ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རིག་སྟོབས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱས།

ལོ་ཙཱ་བ། ཀླུ་མོ།