སྤྱི་ཟླ5པའི་ཚེས19ཉིན་ཏེ་ཀྲུང་གོའི་ཡུལ་སྐོར་ཉིན་མོར་དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ཕྱེད་ཀར་འཕབ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལས།གསར་འགོད་པས་མཚོ་སྔོནདབུས་ཚྭ་མཚོ་དཀར་མོ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་ནས་རྒྱས་ལོན་བྱུང་བ་ལྟར་ན།2019ལོའི་སྤྱི་ཟླ5པའི་ཚེས19ཉིན་ཀྲུང་གོའི་ཡུལ་སྐོར་ཉིན་མོར།མཚོ་སྔོན་དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ་གྱིས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་བཅག་པ་དང་།ཡུལ་སྐོར་བས་ཡ་རབས་ཡུལ་སྐོར་གྱི་བྱ་སྤྱོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་དྲིན་ལན་འཇལ་རྒྱུ་ཡིན་པ་རེད།

ཉིན་དེར་དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ་གྱིས5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི“རིག་གནས་ཡུལ་སྐོར་དང་སྐྱིད་པའི་འཚོ་བ་གཞི་གཅིག་ཏུ་བསྲེ་བ”ཞེས་པའི་ཡུལ་སྐོར་སྤྱི་ཕན་ལས་སྒོ་དང་དབུས་ཚྭ་མཚོ་དཀར་མོའི་དཔལ་ཡོན་ལྡན་པའི་ཡུལ་སྐོར་དུས་ཚིགས་བརྗོད་དོན་གཙོ་བོ་ཡིན་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཉིན་དེ་ནས་བཟུང་དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ་གྱིས་དུས་ཡུན་ཟླ6ལྷག་གི་རིང་།2019ལོའི་ལོ་མཇུག་བར་རིགས་ཁག་གི་ཤེས་དཔལ་ཡུལ་སྐོར་བརྗོད་དོན་གཙོ་བོ་ཡིན་པའི་བྱེད་སྒོ་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་སྤུས་ལེགས་ཞབས་ཞུའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད།

མཚོ་སྔོན་དབུས་ཚྭ་མཚོ་དཀར་མོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་ལྟར་ན།སྤྱི་ཟླ་5པའི་ཚེས19ཉིན་མཛེས་ལྗོངས་ཁུལ་གྱིས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་བྱེད་སྒོ་སྤེལ་ནས་མི་ཚོགས་སྣ་ཚོགས་ལ་གཟིགས་སྐྱོང་བྱེད་པ་ཕུད།ད་དུང་བྱང་བུ་སྤྲོད་པའི་རྟགས་མའི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་དབུས་ཚྭ་མཚོ་དཀར་མོའི་མཛེས་ལྗོངས་ཁུལ་དུ་བཟོས་པའི་ལེགས་ཆའི་ཐོབ་རྟགས་གཅིག་བླངས་ཏེ་ཐོབ་རྟགས་ཁ་ཤས་བསྡུས་ན་ཉིན་དེའི་མཛེས་ལྗོངས་ཁུལ་དུ་བསྐྱལ་བའི་བྱ་དགའ་ཐོབ་ལ། གཞན་ཡང་ཡུལ་སྐོར་བ་གདན་ཞུ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དབུས་ཚྭ་མཚོ་དཀར་མོ་ཡིས་དཔལ་ཡོན་ཡུལ་སྐོར་དང་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཐུན་མོང་ཐོག་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པར་མ་ཟད། ཉིན་དེར་ད་དུང་རིག་རྩལ་འཁྲབ་སྟོན་དང་མཉམ་འགུལ་ཉམས་ལེན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།