ཡུལ་ཤུལ་གྲོང་ཁྱེར་གྱི་ཁོར་སྲུང་པ800ལ་རིན་མེད་སྒོས་ལུས་པོར་བརྟག་དཔྱད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱིཟླ5པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་།ཡུལ་ཤུལ་ཁུལ་སྤྱི་ཁྱབ་བཟོ་ཚོགས།མཚོ་སྔོན་ནད་གསོ་སྨན་ཁང་བཅས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཁོར་སྲུང་ལས་བཟོ་པར་རིན་མེད་སྒོས་ལུས་པོར་བརྟག་དཔྱད་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ལུས་པོ་བརྟག་དཔྱད་བྱེད་པའི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་པ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་ཁོར་སྲུང་ལས་བཟོ་པ800ལ་རིན་མེད་སྒོས་ལུས་པོར་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་བྱེད་སྒོའི་ཁྲོད་མཚོ་སྔོན་ནད་གསོ་སྨན་ཁང་གིས་ཁོར་སྲུང་ལས་བཟོ་པའི་ལོ་ཚོད་དང་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་སྒོས་ཁོར་སྲུང་ལས་བཟོ་པར་ཁྲག་གི་རྒྱུན་རྣམ་རང་བཞིན་དང་དང་།གཅིན་པའི་རྒྱུན་རྣམ་རང་བཞིན།མཆིན་པ་དང་མཁལ་མའི་ནུས་པ།སྙིང་གི་གློག་རིས་སོགས་ལུས་པོར་བརྟག་དཔྱད་སྣ་བཅུ་མཁོ་འདོན་བྱ་རྒྱུ་ཡིན་པར་མ་ཟད།ཆེད་དོན་འོས་འགན་སྨན་བཅོས་སྒྲིག་འཛུགས་བྱས་ནས་ཁོར་སྲུང་ལས་བཟོ་པར་ལུས་པོར་བརྟག་དཔྱད་ཀྱི་སྙན་ཞུ་གསལ་འགྲེལ་བྱས་ཏེ་ཁོར་སྲུང་ལས་བཟོ་པར་རང་ངོས་ཀྱི་བདེ་ཐང་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་།ནད་གཞི་སྣ་ཚོགས་སྔ་མོ་ནས་ཤེས་རྟོགས་དང་།སྔ་མོ་ནས་སྔོན་འགོག སྔ་མོ་ནས་སྨན་བཅོས་བཅས་བྱས་ཏེ་རྒྱུན་མཐོང་ནད་དང་ཕོག་མང་བའི་ནད་པར་བདེ་ཐང་སློབ་གསོ་དང་མཛུབ་ཁྲིད་སྨན་བཅོས་བྱ་རྒྱུ་ཡིན་པར་མ་ཟད། གཞན་ཡང་ཞིབ་བཤེར་བྱས་པའི་འབྲས་བུ་ལ་གཞིགས་ནས་ཁོར་སྲུང་ལས་བཟོ་པ་ཁ་ཤས་ལ་མི་སྒེར་གྱི་བདེ་ཐང་གི་ཡིག་ཚགས་བཟོས་ཏེ་དུས་བཅད་ལྟར་འཚམས་འདྲི་དང་མཛུབ་ཁྲིད་བྱས་ཏེ་ཁོང་ཚོའི་ལུས་ཕུང་བདེ་ཐང་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།