རེབ་གོང་རྫོང་གིས་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ནསྤྱི་ཟླ5པའི་ཚེས15ཉིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ་བདེ་ཐང་རིག་གནས་ཐང་ཆེན་ནས“5·15རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོ་དང་ཁང་ཕུའུ་ཁྱིམ་ཚང་བྱ་འགུལ་སྤེལ་ནས་ལོ་འཁོར10ལོན་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་དྲིལ་སྒྲོག་བྱེད་སྒོ་རབ་དང་རིམ་པ་་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྨ་ལྷོ་ཁུལ་གྱི་རིན་མེད་ཁྲག་འབུལ་གྱི་སྔོན་ཐོན་ཚོགས་པར་གཟེངས་བསྟོད་བྱས་པ་དང་།དུས་ཡུན་རིང་པོར་གཞི་རིམ་དུ་ནད་སྐྱོང་ཞབས་ཞུའི་ལས་ཀ་བྱེད་མཁན་གྱི་ཕུལ་བྱུང་སྨན་གཡོག15ལ་བྱ་དགའ་གནང་བ་རེད། དེ་དང་ཆབས་ཅིག་ཏུ་རེབ་གོང་རྫོང་གི་སྨན་བཅོས་སྡེ་ཁག་གིས་རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོ་ཐེངས24པ་དང་ཁང་ཕུའུ་ཁྱིམ་ཚང་བྱ་འགུལ་སྤེལ་ནས་ལོ་འཁོར10ལོན་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་ས་དེ་གར་ཡོད་པའི་མང་ཚོགས་ཀྱི་ཁྲག་ཤེད་ལ་ལྟ་བ་དང་།ཁྲག་མངར་ཚད་འཇལ་བ།རིན་མེད་འོས་འགན་སྨན་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་ཆེས་རྒྱུན་མཐོང་གི་བདེ་ཐང་ཤེས་བྱ་རྒྱ་ཆེའི་མང་ཚོགས་ལ་ཁྱབ་གདལ་དུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་ཤེས་རྟོགས་ཚད་དང་རང་ངོས་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ད་ལྟ་རེབ་གོང་རྫོང་གི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད93%ཟིན་པ་དང་།ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གིས་གན་རྒྱ་འཇོག་ཚད100%ཟིན་ལ།སྨན་བཅོས་མི་སྣས་ཁ་ཆད་ལག་བསྟར་བྱེད་ཚད97%ཟིན་པས།སྨན་བཅོས་དམངས་ཕན་ཁག་གིས་མང་ཚོགས་ཀྱིས་ནད་ལ་ལྟ་བའི་དཀའ་གནད་ཐག་གཅོད་ནན་མོ་བྱས་པར་མ་ཟད།མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་སུང་ཡག་པོ་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།