རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚོགས་ཆུང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས15ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚོགས་ཆུང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།

ཚོགས་འདུའི་སྟེང་། མཚོ་ཤར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས2019ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་ཐར་འགག་སྒྲོལ་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡུལ་དངོས་སུ་སྐུལ་འདེད་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་དང་།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གྱི་གནས་ཚུལ་སྙན་སེང་ཞུས།ཚོགས་ཞུགས་བློ་མཐུན་ཚོས་བཞུགས་མོལགཏམ་གླེང་སྤེལ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དཔལ་འབྱོར་འཕེལ་རྒྱས་སིའི་སི་ཀྲང་ཀྲང་ཀྲི་ཀང་གིས་རྟོག་ཞིབ་ཚོགས་ཆུང་གི་ཚབ་བྱས་ནས། རང་ཞིང་གི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་གྱི་འཕེལ་རྒྱས་ལས་དོན་ལ་ཁས་ལེན་བྱས་པ་མ་ཟད།ད་དུང་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས་ཐེངས་འདིའི་རྟོག་ཞིབ་ནི་རང་ཞིང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལས་དོན་ལ་རོགས་སྐྱོར་བྱེད་པའི་ལྕག་སྐུལ་དང་རོགས་རམ་ཞིག་ཡིན་པ་མ་ཟད་ད་དུང་ལྕག་སྐུལ་ནུས་ལྡན་ཞིག་ཀྱང་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་ལོར་རང་ཞིང་དུ་རྒྱལ་ཡོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་ཐར་འགག་སྒྲོལ་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡུལ་དངོས་སུ་སྐུལ་འདེད་ཚོགས་འདུ་འཚོགས་རྒྱུའི་གཏན་འཁེལ་བྱས་པ། དེ་ནི་རང་ཞིང་གིས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པར་བསྟན།

དབྱང་ཧྥུན་ཁྲུན་གྱིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་ཐར་འགག་སྒྲོལ་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡུལ་དངོས་སུ་སྐུལ་འདེད་གཏོང་བའི་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ།ལྟ་སྦྱོང་ས་ཚིགས་གདམ་གསེས་ཡག་པོ་བྱེད་པ།ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ།ཁོར་ཡུག་འཐུས་ཚང་དང་མཐུན་སྦྱོར་ཡག་པོ་བྱེད་པ།འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས། ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་དང་འགྲེམ་སྟོན་ཡག་པོ་བྱ་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།