མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཏང་ཨུས་གཙོ་གཉེར་བྱས་པའི་མཚོ་སྔོན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་མཚོ་ཤར་དུ་འགོ་བརྩམས་པ་རེད། ཞིང་ཆེན་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲའོ་ཆིས་ཀྲུང་དང་།ཞིང་ཆེན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུའུ་ཉིན།རྒྱལ་ཡོངས་ན་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིས་བིན་ཀི་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ནས་ཡོང་བའི་འཁྲབ་སྟོན་པས་ལྟད་མོ་བ་ཚོར་གླུ་གཞས། ཞབས་བྲོ། རོལ་དབྱངས། མགྱོགས་གཏམ། དུངས་བརྗོད་ཟློས་གར་སོགས་དུས་རབས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལེ་ཚན15བསྟན་ཡོད། འཁྲབ་སྟོན་ཧྲིལ་པོར་ལེ་ཚན་མགོ་བརྗོད《མེས་རྒྱལ་མེས་རྒྱལ་ང་ཁྱོད་ལ་དགའ》དང་།སྟོད་ཆ《ཁྲག་དྲོན་འཁོལ་བའི་འབད་འཐབ་དུས་རབས་གསར་པ---ལྔ་བཞིའི་སྙིང་སྟོབས་ཡུན་གནས》དང་། སྨད་ཆ《མཚོ་སྔོན་གྱི་མཐོན་མཐིང---བྱས་རྗེས་ཀྱི་དུས་གསར》། མཇུག་ཆ《སེམས་པ་དམར་པོ་ཏང་ལ་ཕྱོགས》བཅས་ལེའུ་བཞི་ཡོད། ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ལྟད་མོ་བ500ལྷག་གི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་ཅིང་།ད་དུང་དྲ་རྒྱར་བརྟེན་ནས་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པ་རེད།

མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པས“ལང་ཚོའི་སེམས་པ་ཏང་ལ་ཕྱོགས་ནས་དུས་རབས་གསར་པ་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་དང་།མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་སྤུས་རྟགས་སྲ་བརྟན་དུ་གཏོང་བ།མཚོ་སྔོན་གྱི་ན་ཆུང་གཞོན་ནུའི་སློབ་ཕྱིའི་རིག་གནས་བྱ་གཞག་དར་རྒྱས་སུ་གཏོང་བ།ཞིང་ཆེན་ཡོངས་ཀྱི་ན་ཆུང་གཞོན་ནུའི་རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ།ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ།ན་ཆུང་གཞོན་ནུ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནསཏེ།དུས་རབས་གསར་པ་གཏོད་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་རེད།ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ནང་མི་སྒེར་དང་འཁྲབ་སྟོན་ནང་ཞུགས་མཁན་ཚན་པ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ཚུད་ཡོད་པ། རྒྱུན་མཐུད་དུས་ཡུན་ཟླ་ལྔ་ཡིན་ལ། བསྡོམས་པའི་རིག་རྩལ་འཁྲབ་སྟོན་དང་།ཆེད་དོན་འགྲེམ་སྟོན། བརྗོད་བྱ་གཙོ་བོའི་འགྲན་སྡུར། གླེང་སྟེགས། ཕན་ཚུན་སློབ་སྦྱོང་བཅས་རིགས་ཆེན་པོ6གི་ཞིབ་ཕྲའི་བྱེད་སྒོ(འགྲན་བསྡུར)14བཀོད་སྒྲིག་བྱས་ཡོད་ལ། ནང་དོན་ཚན་རིག་དང་། ཟློས་གར། ཡིག་གཟུགས། མཛེས་རྩལ། པར་ལེན། རོལ་དབྱངས། ཞབས་བྲོ་སོགས་ཚུད་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།