གཡང་གི་རུ་མ་ཡ་ཤུལ་སྡེ་བར་ཆགས།། སྐྱིད་ཀྱི་སྲོལ་ལ་ཁ་མིག་ཡར་ལྟ་གྱིས།།

རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་ཡ་ཤུལ་སྡེ་བས་ཏང་གི་སྲིད་ཇུས་དངོས་འབབ་དང་ལག་ལེན་དོན་འཁྱོལ། འཛུགས་སྐྲུན་གསར་གཏོད་དང་ཕྱུགས་ལས་ཐོན་སྐྱེད་སོགས་ཀྱི་དགོས་ངེས་ལ་སེམས་ནས། ཟླ5པའི་ཚེས14དང15ཉིན་ཡ་ཤུལ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཆ་ཡོངས་འཛོམས་ཀྱི་དམངས་སྲོལ་བྱ་འགུལ་གྱ་ནོམ་པ་སྤེལ།

གཡག་རྒྱུག

བྱེད་སྒོར་མི་རིགས་མཐུན་སྒྲིལ་དང་ནག་སེལ་ངན་འཇོམས། སྡེ་བའི་རྒྱུ་ནོར་བདག་དབང་བཅོས་སྒྱུར་སོགས་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཤིང་། གཞན་བོད་རང་གི་རིག་པའི་རྩལ་དང་རྣམ་དཔྱོད་ཀྱི་འོད་ལ་བརྟེན་ནས་མི་རིགས་ཤིག་གི་ལོ་རྒྱུས་སུ་ཁ་བྲལ་མ་མྱོང་བའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་འགྲན་སྡུར་དང་འཛིན་སྐྱོང་སྤེལ་གསུམ་བྱས། དུས་རབས་ཤིག་གི་ཁ་མཚམས་སུ་འབུས་པའི་ཆབ་དཔལ་རིག་གསུམ་གྱི་བྱ་བཞག་ལ་ལག་ལེན་དང་བརྩོན་སེམས་སྐྱེད་པའི་འདུན་མ་ཇེ་དྲག་ཏུ་བཏང་།

རྟ་ཐོག་ནས་ཁ་བཏགས་ལེན་པ།

ཐེངས་འདིའི་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་དང་འབྲོག་པ་མང་ཚོགས་ཀྱི་དུས་རྒྱུན་གྱི་འཚོ་བ་དང་ཐག་ཉེ་ཕྱིར། མང་ཚོགས་རྣམས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ལ་ཞུགས་ཤིང་།རྒྱ་ཆེ་བའི་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་གྱི་འབྲས་བུ་དང་འབྱོར་ཕྱུགས་ལྡན་པའི་དེང་གི་སྤྱི་ཚོགས་ཀྱི་ལམ་དུ་ཉམས་དགའ་བས་ཞུགས་ཡོད་པ་མཚོན་ཐུབ།

གསར་འགོད་པ། ཚེ་དབང་རིག་འཛིན།