ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ན་གཞོན་དར་མའི་སློབ་མའི་འཐུས་ཚབ་མི་སྣ་དང་བཞུགས་མོལ་བྱས།

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སོང་ནས། ན་གཞོན་དར་མའི་ལས་བྱེད་པ་སྔར་ལས་བཟང་བོའི་སྒོ་ནས་འཚར་ལོངས་འབྱུང་བའི་ཐད་ནས་སློབ་མའི་འཐུས་ཚབ་མི་སྣ་དང་བཞུགས་མོལ་བྱས་ཏེ། ན་གཞོན་དར་མའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རང་ཉིད་སྦྱོང་བརྡར་དང་གཏན་ཤུགས་རྒྱུན་འཁྱོངས། གོ་རྟོགས་མཐོར་འདེགས་བྱེད་པ། དུས་ཚོད་སྟོང་ཟད་དུ་མི་གཏོང་བ། འགྱོད་པ་སྤུ་ཙམ་ཡང་མེད་པར་མཚོ་སྔོན་གསར་བའི་སྔར་ལས་མཛེས་སྡུག་གི་སང་ཉིན་འཛུགས་སྐྲུན་བྱེད་རྒྱུའི་སྐུལ་མ་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་གྱིས་བཞུགས་མོལ་ལ་འགོ་མཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་ང་བདུན་པ་དང་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་བའི་སློབ་མའི་འཐུས་ཚབ་མི་སྣ་ལིག་ལིས་དང་ཝང་ཆི་ཡུའེ། ཡེ་ཧྲིན་ཀོས། མཱ་ཀྲི་མེན། ཝང་ཧུང་ཅུན། མའོ་ཡོན། སྐར་མ་སྐྱིད། རིན་ཅིན། ཀྲང་ཀྲུང་ཧའེ། ཧོང་ཞོ་ཧོས་སོགས་ཀྱིས་གཏམ་བཤད། ཝང་ཅན་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་འགོད་པ་དང་ཚང་མ་དང་བརྗེ་རེས་བྱས།

ཚང་མས་གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་སློབ་གསོ་ནི་རྩ་འཛུགས་སྤྱོད་ཚུལ་ཞིག་དང་ལྟ་སྐུལ་གྱི་རྣམ་པ། བརྗེ་རེས་སྟེགས་བུ། སེམས་ཤུགས་བདག་སྐྱོང་བྱེད་པ་ཞིག་ཡིན་པས། གོ་སྐབས་དམ་འཛིན་བྱེད་པ་དང་ཕན་ཚུན་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་ཁྲོད་བྱ་བ་བསྒྲུབ་པ་དང་བྱ་བའི་བསྒྲུབ་པའི་ཁྲོད་སློབ་སྦྱོང་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོའི་སྣེ་ཁྲིད་མི་སྣ་བྱས་ཏེ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་ནི་ཏང་གི་ལས་དོན་གྱི་རྒྱུན་འཛིན་པ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། ཏང་གི་ལས་དོན་གྱི་ལ་མཛད་མཐའ་མེད་པས། ན་གཞོན་དར་མའི་ལས་བྱེད་པས་མུ་མཐུད་དུ་འབད་འཐབ་བྱེད་དགོས། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་ཁྲོད་རང་ཉིད་ལ་སྦྱོང་བརྡར་བྱེད་དགོས། གཉིས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཁྲོད་གཏན་ཤུགས་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་རང་ཉིད་སྦྱོང་བརྡར་བྱེད་པའི་ཁྲོད་གོ་རྟོགས་མཐོར་འདེགས་བྱེད་དགོས། བཞི་ནས་གནས་བབ་བཟང་ངན་གང་རུང་ཁྲོད་ལང་ཚོ་སྟོང་ཟད་དུ་གཏོང་མི་རུང་། ལྔ་ནས་བློ་འགྱོད་སྤུ་ཙམ་ཡང་མེད་པར་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས་ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན་པ་མ་ཟད། སློབ་མ་ཡོངས་དང་རྒྱ་ཆེའི་ན་གཞོན་དར་མའི་ལས་བྱེད་པས་གསུང་བཤད་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་ན་གཞོན་དར་མའི་ལས་བྱེད་པའི་ཐད་ཀྱི་གནས་ཐིག་གཏན་ཁེལ་གསར་བ་དང་རེ་བ་གསར་བར་ངོས་འཛིན་གཏིང་ཟབ་བྱེད་། ཞིང་ཆེན་ཏང་ཨུའི་ན་གཞོན་དར་མའི་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་ཐད་ཀྱི་མཐོང་ཆེན་དང་རེ་སྒུག་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཞིང་ཆེན་ཏང་ཨུའི་རེ་བ་ཞིབ་མོ་སློབ་སྦྱོང་གསོ་སྦྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ། བྱ་བའི་སྤེལ་བའི་གོ་རིམ་ཁྲོད་ཁྱབ་པར་བྱེད་པ། བློ་དཀར་བ་དང་འགན་འཁྲི་ལྡན་པ་བྱེད་པ། ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་བཟང་བོ་བྱས་ཏེ། ལྔ་བཞི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།