འཇུ་ལག་རྫོང་གི་རྒན་པ་རྣམས་ནུས་རྒྱུ་གསར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་འཁོར་ལོར་རིན་མི་དགོས་པར་བསྡད་ཆོག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4པའི་ཚེས30ཉིན་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ལོ65ཡན་གྱི་རྒན་པ་ཚོས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དུ་བྱང་བུ་ལྟར་རིན་མི་དགོས་པར་བསྡད་ཆོག་པ་རེད།

2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲུལ་སྐྱེལ་མ་ལག་གཞི་གཅིག་ཅན་དུ་གཉེར་སྐྱོང་བྱས་པ་ནས་བཟུང་།འཇུ་ལག་རྫོང་གིས་རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར70བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གནས་གཏན་འཁེལ་གྱི་འཁོར་སྐྱོད་བྱེད་ཐུབ་པ་བྱུང་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་ཞིང་། མང་ཚོགས་དང་ཡུལ་སྐོར་པ་རླངས་འཁོར་ལ་སྡོད་པའི་ཆ་རྐྱེན་ནུས་ལྡན་ངང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་སྤ་སེའི་རིན་གོང་ཇེ་དམའ་རུ་བཏང་བ་དང་། ལོ65ཡན་གྱི་རྒན་པ་ཚོས་བྱང་བུར་བརྟེན་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ལ་རིན་མེད་སྒོས་བསྡད་ཆོག་ཅིང་། སློབ་མར30%དང་། མི་དར་མར10%ཡིས་ཇེ་དམའ་རུ་བཏང་ཞིང་། རྒན་པ་དང་སློབ་མའི་ཕྱིར་སྐྱོད་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་བ་མ་ཟད། ཕྱིར་སྐྱོད་སྟབས་བདེ་བྱུང་བ་དང་གྲོང་མིའི་བདེ་སྐྱིད་ཀྱི་ཚོར་སྣང་མཐོ་རུ་བཏང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།