ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ཆེད་དོན་རྟོག་ཞིབ་ཚན་ཆུང་གིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཟླ5པའི་ཚེས13ཉིན། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཅ་ཞའོ་ཡུས་ཀྱིས། ཆེད་དོན་རྟོག་ཞིབ་ཚོགས་ཆུང་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅན་སུང་ཧྲན་དང་། གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཙུའོ་ལུང་གིས་རྟོག་ཞིབ་བྱས་ཤིང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཞིང་ཆེན་རྟོག་ཞིབ་ཚོགས་ཆུང་གིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་སྦྲེལ་མཐུད་དང་ཁྲིམས་འཛིན་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་དང་། ལྟ་ཞིབ་ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད། རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང“རྣམ་པ་བཞིའི”བེད་སྤྱོད་གཏིང་ཟབ་བྱེད་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རང་གིས་རང་ལ་ལྟ་སྐུལ་དང་ཕྱི་ཕྱོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བ་སོགས་ཐད་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་བཞུགས་མོལ་བྱས་ཤིང་། རང་རེའི་གྲོང་ཁྱེར་གྱི་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཡང་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་ཁྲིམས་ཁང་། གྲོང་ཁྱེར་ཞིབ་དཔྱོད་ཁང་བཅས་ཀྱིས་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་དམིགས་ནས་སྙན་སེང་ཞུས་པ་རེད། ལས་དོན་སྙན་སེང་གསན་རྗེས། རྟོག་ཞིབ་ཚོགས་ཆུང་གིས་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་ལེན་དགོས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་འབྲེལ་མཐུད་དང་ཁྲིམས་འཛིན་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད། ཏན་ཏིག་ངང་ལྟ་ཞིབ་ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད། རྒྱུན་གཏན་གྱི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་པ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རང་ངོས་ལྟ་སྐུལ་དང་ཕྱི་རོལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས་པ་བསྟན།

ཅན་སུང་ཧྲན་གྱིས་ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་ཁག་བ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་མཐའ་གཅིག་ཏུ་བརྩི་བཀུར་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས།བཅོས་སྒྱུར་ཁག་ལ་སྐུལ་འདེད་ཏན་ཏིག་བཅས་བྱ་རྒྱུ་ཡིན་པར་བསྟན།

བཞུགས་མོལ་ཚོགས་འདུ་གྲོལ་རྗེས། རྟོག་ཞིབ་ཚོགས་ཆུང་གཞོང་ཐང་རྫོང་ལ་སོང་སྟེ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་ཀའི་སྙན་ཞུར་ཉན་ཞིང་་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད། 

ལོ་ཙཱ་བ། གཡང་སྐྱིད།