མཚོ་ཤར་གྲོང་ཁྱེར་གྱིས་འགན་འཁྲི་ལ་ཤུགས་བསྣན་ནས་མཐོ་རྒྱུགས་བདེ་འཇགས་ལ་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས14ཉིན།2019ལོའི་མཚོ་ཤར་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཞིང་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་གཏམ་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོང་ཁྱེར་དེ་ཡོངས་ཀྱི་ད་ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་བཀོད་སྒྲིག་བྱས་པ་རེད། 

ཚོགས་འདུའི་ཐོག་བསྟན་དོན།མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཅིང་།སློབ་གསོ་འདྲ་མཉམ་དྲང་བཞག་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་གྱིས་ཡིག་རྒྱུགས་ཀྱི་བདེ་འཇགས་མཐའ་ཚད་བརྟན་སྲུང་དང་།རྒྱུགས་ལེན་ཁོར་ཡུག་གཙང་བཟོ།ཡིད་རྟོན་ཡིག་རྒྱུགས་ཀྱི་རྣམ་པ་གཏོད་པ་བཅས་བྱས་པས་ལོ་མང་རིང་དུས་བདེའི་མཐོ་རྒྱུགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ད་ལོ་གྲོང་ཁྱེར་ཡོངས་སུ་མཐོ་རྒྱུགས་ནང་ཞུགས་པའི་མི་གྲངས13433གྱིས་ཐོ་འགོད་བྱས་ཡོད་ཅིང་།གཅིག་གྱུར་རྒྱུགས་ནང་མི་ཞུགས་པའི་སློབ་མ་ཕུད།ད་ལོ་ཁྱོན་བསྡོམས་མི12282མཐོ་རྒྱུགས་ནང་ཞུགས་རྩིས་ཡོད།དཔྱད་གཞིའི་མི་གྲངས་དེ་ན་ནིང་ལས་མ397ཇེ་མང་དུ་ཕྱིན་པ་དང་།གྲོང་ཁྱེར་ཡོངས་ཀྱི་ཡིག་རྒྱུགས་ཁུལ6གི་རྒྱུགས་སྤྲོད་ས་ཚིགས9དང་རྒྱུགས་ར417ཡོད་པ་རེད། མཐོ་རྒྱུགས་དང་བར་ཐག་ད་དུང་ཉིན24ཡོད་པ་དང་།དུས་ཚོད་ཐུང་བ་དང་།ལས་འགན་ལྕི་བ།བླང་བྱ་མཐོ་བ་བཅས་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས།དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་ལས་དོན་ཁག་སྤྱི་འདོམས་ཡག་པོ་སྒྲུབ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་བླང་བྱ།བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་མཐོ་རྒྱུགས་ཀྱི་བདེ་འཇགས་ལས་དོན་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ་དང་།རྒྱལ་ཁབ།མི་དམངས།སྤྱི་ཚོགས།རྒྱུགས་སྤྲོད་སློབ་མ་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཡག་པོ་འཛིན་པ།མཐོ་རྒྱུགས་ཀྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ་དང་ཟུང་འབྲེལ།ང་ཚོ་མི་རེས་འཁུར་བའི་འགན་འཁྲི་དང་ལས་འགན་དང་ཟུང་འབྲེལ་བཅས་བྱ་དགོས་ལ དག་ཐེར་བཅོས་སྐྱོང་གི་ལངས་ཕྱོགས་སྔར་བས་མཐོ་བ་དང་འགན་འཁྲི་སྔར་བས་ཆེ་བའི་ཐོག་ནས་“རྒྱུགས་ལེན་གོང་དང་།རྒྱུགས་ལེན་གྱི་ཐོག་མཐའ་བར་གསུམ”བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། བསམ་བློའི་ཐོག་ལྷོད་གཡེང་མི་གཏོང་བ་དང་།རྩ་འཛུགས་ཐོག་ལྷོད་གཡེང་མི་གཏོང་བ།ལས་ཀའི་ཐོག་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ། ཡིག་རྒྱུགས་ཀྱི་བདེ་འཇགས་ལ་དམིགས་ཏེ་ལས་ཀའི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་།བདེ་འཇགས་གསང་སྲུང་ལས་དོན་ལ་ཤུགས་སྣོན་པ།རྒྱུགས་ལེན་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།རྒྱུགས་སྤྲོད་སློབ་མར་ཞབས་ཞུ་ཡག་པོ་སྒྲུབ་པ།བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱ་དགོས་པ་བསྟན། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ནས་མཐོ་སློབ་སློབ་བསྡུའི་ཡིག་རྒྱུགས་ལས་དོན་བདེ་བླག་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་ཤིང་།འབྲེལ་ཡོད་སྡེ་ཚན་ཁག་གིས“དུས་བདེའི་མཐོ་རྒྱུགས་”ཀྱི་རྩ་དོན་ལ་ནན་པོར་དམིགས་ཏེ། གྲོང་ཁྱེར་གྱི་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འགོ་ཁྲིད་འོག་སྟོབས་ཤུགས་སྒྲིལ་རོགས་ལས་དང་སྡེ་ཚན་མཉམ་འགུལ་གྱིས་མཐོ་རྒྱུགས་ཁྲོད་འབྱུང་སྲིད་པའི་གནད་དོན་སྣ་ཚོགས་སྤྱི་འདོམས་མཐུན་སྦྱོར་དང་ཐག་གཅོད་ཡག་པོ་བྱས་ཏེ།གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་བརྟན་པོ་དང་བདེ་བླག་ཡོང་བའི་འགན་ལེན་བྱ་དགོས་པ་བསྟན།

ལོ་ཙཱ་བ། ཀླུ་མོ།