མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི490བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་རོགས་རམ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན800ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱ་རྒྱུ་དང་།གཞོན་ནུ་དང་དར་མ45ལ་ཡིག་རྨོངས་སེལ་བ་དང་། རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་མི57ལ་སློབ་སྐྱོར་བྱ་རྒྱུ་མ་ཟད།ད་དུང་ཞག་སྡོད་འཚོ་སྐྱོང་དང་ཉིན་མོར་ལྟ་སྐྱོང་།ཁྱིམ་སྡོད་བདེ་སྲུང་བཅས་བྱེད་ཐབས་གསུམ་ལ་བརྟེན་ནས་དབང་པོ་སྐྱོན་ཅན795གསོ་སྐྱོང་བྱ་རྒྱུ་ཡིན་ཞིང་། ད་ལོའི་ཟླ4པའི་ཟླ་མཇུག་བར་ཞིང་ཆེན་རིམ་པས་མཚོ་ཤར་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་མ་དངུལ་སྒོར་ཁྲི490.7སྤྲོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི490.7ཟིན་པའི་ནང་སྡེ་ཁུལ་གྱི་བདེ་ཐང་ཁམས་གསོའི་མ་དངུལ་སྒོར་ཁྲི28དང་།དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི154། དབང་པོ་སྐྱོན་ཅན་གྱི་བཅོལ་གཉོར་ཞབས་ཞུའི་མ་དངུལ་སྒོར་ཁྲི196.7། དབང་པོ་སྐྱོན་ཅན་གྱི་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བའི་ཐད་མ་དངུལ་སྒོར་ཁྲི3.5། དབང་པོ་སྐྱོན་ཅན་གྱི་སྣུམ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི43། རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི་11.9། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་ལག་རྩལ་གསོ་སྦྱོང་མ་དངུལ་ཐད་སྒོར་ཁྲི28། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་ལག་བརྡའི་སྟོན་པའི་ལེ་ཚན་ཐད་མ་དངུལ་སྒོར་ཁྲི22དང་། དབང་པོ་སྐྱོན་ཅན་ལ་དཔྱད་བསྡུར་གཏན་འབེབས་མ་དངུལ་སྒོར་ཁྲི3.6བཅས་ཚུད་ཡོད་པ་རེད། 

གཞན་ཡང་། མཚོ་ཤར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་སྡེ་ཚན་དང་ཚན་པ་གཞན་དག་དང་མཉམ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད། ཤེས་རྟོགས་བྱུང་བ་ལྟར་ན།2018ལོར་མཚོ་ཤར་གྲོང་ཁྱེར་གྱིས་ཁྱོན་བསྡོམས་དབང་པོ་སྐྱོན་ཅན་དབུལ་པོ946ལ་འཚམས་འདྲི་བྱས་པ་དང་། འཚམས་འདྲིའི་དངུལ་དང་འཚོ་བའི་མཁོ་ཆས་སོགས་མི་དམངས་ཤོག་སྒོར་ཁྲི52ཙམ་བྱིན་པ་དང་།དབང་པོ་སྐྱོན་ཅན་གྱི་རོགས་འདེགས་ཡོ་བྱད809བྱིན་པར་རིན་ཐང་སྒོར་ཁྲི36.6ཟིན་པ་མ་ཟད།དབང་པོ་སྐྱོན་ཅན་སྣ་ཚོགས་ཀྱི་ལས་ཞུགས་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་དབང་པོ་སྐྱོན་ཅན38ལས་ཞུགས་ཐུབ་རྒྱུར་རོགས་རམ་ཡང་བྱས་པ་རེད། མ་དངུལ་སྒོར་ཁྲི120ལྷག་ཙམ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དབུལ་སྐྱོར་རྟེན་གཞི11ལ་གྲོང་ཁྱེར་རིམ་པའི་སྒོ་བྱང་བཀལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ལོང་བའི་འཕུར་མཉེད་སྒྲིག་གཞི16ལ་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་དང་རོགས་སྐྱོར་བྱས་པ་རེད། 2018ལོར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་དང་།གྲོང་གསེབ་ཀྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་།གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བ་སོགས་ཀྱི་བྱེད་སྒོ་ལག་བསྟར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅ་3710ལ་གསོ་སྦྱོང་བྱས་པ་དང་། ན་ནིང་ལོའི་ནང་དབང་པོ་སྐྱོན་ཅན1049གསར་དུ་ལས་ཞུགས་ཐུབ་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།