མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་རྒྱུན་མཐུད་ངང་འཕར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། 2018ལོའི་མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་འཁོར་སྐྱོད་གཞི་གྲངས་ཀྱི་དབྱེ་ཞིབ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་འགན་སྲུང་ནང་ཞུགས་པའི་མི་གྲངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོར་འདེགས་སུ་ཕྱིན་ཡོད། སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་། ཐེབས་རྩ་བརྟན་པོའི་ཐོག་ནས་ཡར་འཕེལ་བྱུང་སྟེ། ཐེབས་རྩའི་ཕན་པ་ཐོབ་མཁན་གྱི་མི་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན་ན་ནིང་གི་ལོ་མཇུག་བར་དུ། མཚོ་ཤར་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་ཐད་ཀྱི“འགན་སྲུང་ཆེན་པོ་ལྔའི”འགན་སྲུང་ནང་ཞུགས་མཁན་མི་ཐེངས་ཁྲི269.32ཟིན་པ་དང་། དེ་དུས་མཚུངས་ལས་མི་གྲངས་ཁྲི1.26ཇེ་མང་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་སྒོར་དུང་ཕྱུར35.83(ནོར་སྲིད་ཀྱི་ཁ་གསབ་ཡོང་འབབ་ཚུད་མེད)དང་དུས་མཚུངས་ལས་སྒོར་དུང་ཕྱུར3.5འཕར་ཡོད།གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར33.78ཟིན་ནས་དུས་མཚུངས་ལས་སྒོར་ཁྲི6033.96འཕར་ཡོད། 2016ལོ་ནས2018ལོ་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་གཏོང་སྒོ་དང་ཡོང་སྒོའི་གཞི་གྲངས་གཞི་དབྱེ་ཞིབ་བྱས་པ་དང་།སྤྱི་ཚོགས་འགན་སྲུང་ཐེབས་རྩ་བསྡུ་འཇལ་དང་གྲོན་འཇལ་གཞི་གྲངས་འཕར་ཚད་དྲང་ཕྱོགས་ཀྱི་བསྡུར་ཚད་ཆགས་ཡོད་ལ།སྤྱི་ཚོགས་འགན་སྲུང་ཐེབས་རྩའི་གཏོང་ཡོང་དོ་སྙོམས་དང་།ལྷག་འཕྲོ་ཕྲན་བུ་ཡོད་པ།གྲོང་ཁྱེར་ཡོངས་ཀྱི་རིགས་ཁག་གི་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་ཆེས་གཞི་རྩའི་སྤྱི་ཚོགས་འགན་སྲུང་གི་གཏོང་སྒོ་བསྐང་ཐུབ་པ་དང་། འགན་ལེན་ཐུབ་པ།སྤྱི་ཚོགས་འགན་སྲུང་ཐེབས་རྩ་བེད་སྤྱོད་ཀྱི་དྲང་སྙོམས་དང་རྒྱུན་མཐུད་རང་བཞིན་ཆེ་རུ་ཕྱིན་པ།སྤྱི་ན་སྤྱི་ཚོགས་འགན་སྲུང་ཁྲོད་ཀྱི་སྤྲོད་དགོས་རིགས་ཚང་མ་སྤྲོད་ཐུབ་པ་བཅས་བྱུང་ཡོད། 

2018ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ལོངས་སུ་སྤྱོད་མཁན་མི་ཐེངས་ཁྲི180.14ཟིན་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི19.45ཡིས་ཇེ་མང་དུ་ཕྱིན་ཡོད་པ་དང་། བརྒྱ་ཆའི13གྱིས་འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་སྲུང་།བུ་བཙའི་འགན་སྲུང་བཅས་ལོངས་སྤྱོད་བྱེད་མཁན་མི་ཐེངས་ཁྲི156.66ཟིན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་སྲུང་དང་།ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་སྲུང་།ལས་ཁུངས་དང་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོའི་འགན་སྲུང་བཅས་ཀྱི་ཐོབ་ཐང་སྤྲོད་པའི་མི་གྲངས་ཁྲི23.12ཟིན་པ།ལས་རྨས་འགན་སྲུང་ལོངས་སྤྱོད་བྱེད་མཁན་མི་ཐེངས་ཁྲི0.08ཟིན་པ།ལས་ཤོར་འགན་སྲུང་ལོངས་སྤྱོད་བྱེད་མཁན་མི་ཐེངས་ཁྲི0.28ཟིན་པ་བཅས་རེད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་ཐོབ་སེམས་སྔར་བས་ཇེ་ཆེ་རུ་ཕྱིན་པ་དང་མང་ཚོགས་ལ་ཕན་པ་ཐོབ་པ་རེད། 

ལོ་ཙཱ་བ། ཀླུ་མོ།