ཀྲང་ལི་ཡིས་མདོ་ལ་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ཆར་ཧྲེང་ཀྲང་གཞོན་པ་ཀྲང་ལི་མདོ་ལ་རྫོང་དུ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལས་དོན་ལ་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། ཁོས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་ཅིང་།སྲིད་གཞུང་།ཁྲོམ་ར།སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ།སྣ་མང་གི་བཅོས་སྐྱོང་བྱེད་སྟངས་གསར་པ་ཞིག་ཧུར་ཐག་ཆགས་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་སྐོར་ནས་ནན་བཤད་བྱས་པ་རེད། 

ཀྲང་ལི་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དང་། རྫ་དམར་ཡུལ་ཚོ།རྫོང་སྲིད་འཛིན་ཞབས་ཞུ་ལྟེ་གནས།རྫོང་ངལ་རྩོལ་འགན་ལེན་ལྟ་ཞིབ་རུ་ཆེན།རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བཅས་དང་། རྫོང་དང་ཡུལ་ཚོ། དེ་བཞིན་གྲོང་སྡེའི་ལས་བྱེད་པ་དང་སྡེ་མི་དང་བཞུགས་མོལ་གནང་ནས་ཉམས་མྱོང་ཕྱོགས་སྡོམ་དང་གནད་དོན་ལ་དབྱེ་ཞིབ།བཅོས་སྐྱོང་བྱ་ཐབས་ལ་ཞིབ་འཇུག་བཅས་བྱས་པ་རེད། 

ཀྲང་ལི་ཡིས་མདོ་ལ་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་སུ་བརྩིས་ནས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་ཞུ་དང་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རིང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་དགོས་ཤིང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་།སྤྱི་ཚོགས་ཀྱི་ཕྱོགས་ཁག་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་སྲིད་གཞུང་བཅོས་སྐྱོང་དང་།སྤྱི་ཚོགས་སྙོམས་སྒྲིགསྡོད་དམངས་རང་སྐྱོང་བཅས་མཉམ་འགུལ་བཟང་པོ་བྱེད་པའི་མཉམ་སྐྲུན་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏང་དགོས། འགལ་བ་སྔོན་འགོག་དང་།འདུམ་སེལ་བཅས་དང་ཟུང་འབྲེལ་དང་།ཁྲིམས་སྐྱོང་དང་།རང་སྐྱོང་།སྤྱོད་སྐྱོང་།རིག་སྐྱོང་བཅས་ཟུང་འབྲེལ་བྱས་ནས་བཅོས་སྐྱོང་གི་ལམ་སྲོལ་གསར་གཏོད་དང་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། “སྲིད་ཇུས་དོན་འཁྱོལ་ལོ།”དང“གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལོའི”བཀོད་སྒྲིག་དང་ཟུང་འབྲེལ་སྒོས་བཅོས་སྒྲིག་གི་གཙོ་གནད་གཤམ་དུ་སྤོ་བ་དང་། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མོས་སེམས་དང་།ཐོབ་སེམས།སྐྱིད་སེམས་བཅས་ཆེ་རུ་གཏང་དགོས་ཟེར། 

ལོ་ཙཱ་བ། ཀླུ་མོ།