ཀྲུང་དབྱང་བརྙན་འཕྲིན་ཁང་གིས“‘རྒྱུད་གཅིག་ལམ་གཅིག’ཁྲོད་ཀྱི་མཚོ་སྔོན”གྱི་འགྲེམ་སྟོན་ལ་དོ་ཁུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། དེ་ཡང་ཟླ2ཚེས28ཉིན་ཞིང་ཆེན་སྲིད་གཞུང་དང་པེ་ཅིན་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་ཐུན་མོང་མཉམ་སྒྲུབ་བྱས་ཤིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་ཅུའུ། ཞིང་ཆེན་དངོས་མང་བཤམས་སྟོན་ཁང་། པེ་ཅིན་གྲོང་ཁྱེར་རིག་དངོས་ཅུའུ། རྒྱལ་སའི་དངོས་མང་བཤམས་སྟོན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི“རི་ཡི་ཀླུང་ཆེ། ཆུ་ཡི་ཁུངས་གཙང་། ལམ་གྱི་འཕྲང་དོག-----‘རྒྱུད་གཅིག་ལམ་གཅིག’ཁྲོད་ཀྱི་མཚོ་སྔོན”འགྲེམ་སྟོན་དང་རིམ་བསྟར་བྱ་འགུལ་དེ་པེ་ཅིན་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དུ་སྒོ་ཕྱེས་པ་ནས་ད་ལྟའི་བར་རྒྱ་ཆེའི་ལྟད་མོ་དང་ལས་རིགས་སོ་སོའི་སྟེང་གི་སྨྱན་བྱད་མི་སྣའི་དགའ་མོས་ཐོབ་པ་རེད། ཉེ་ལམ་ཉིན་གཉིས་ཀྱི་རིང་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་སྟོན་རྒྱུ་ཡིན་པ་རེད།

ཟླ5པའི་ཚེས8ཉིན་གྱི་སྔ་དྲོའི་དུས་ཚོད8དང་སྐར་མ44ཡི་སྟེང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱ་སྐད་རྒྱལ་སྤྱིའི་འཁོར་ལམ་ཀྲུང་གོའི་གསར་འགྱུར་ལེ་ཚན་གྱིས་རིང་ཚད་ལ་སྐར་མ1དང་སྐར་ཆ38ཅན་གྱི་ཁྱད་ལྡན་རིག་དངོས་འགྲེམ་སྟོན་གྱིས་སྣ་མང་རིག་དངོས་མཚོ་སྔོན་དུ་འདུས་ཞེས་པ་བརྗོད་དོན་ཡིན་པའི་གསར་འགྱུར་སྙན་སྒྲོན་བྱས། ཟླ5ཚེས9ཉིན་གྱི་སྔ་དྲོའི་དུས་ཚོད7དང་སྐར་མ30ཡི་སྟེང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་འཁོར་ལམ་གྱིས་རིང་ཚད་ལ་དུས་ཚོད་སྐར་མ2དང་སྐར་ཆ7ཅན་གྱི་ཝེ་ཅིན་རྒྱལ་རབས་ཀྱི་རྗེས་ནས་བཟུང་མཚོ་སྔོན་དེ་དར་གོས་ཚོང་ལམ་གྱི་འཁོར་ལམ་གཙོ་བོར་གྱུར་བ་ཞེས་པ་བརྗོད་དོན་ཡིན་པའི་གསར་འགྱུར་སྙན་སྒྲོན་བྱས། སྡོམ་རྩིས་ལྟར་ན། ཟླ་5ཚེས4ཉིན་བར་རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན་ཞེས་པས་འགྲེམས་སྟོན་གྱིས་ཁྱོན་བསྡོམས་མི་གྲངས་འབུམ་གཉིས་དང་ཁྲི་ལྔ་ལྷག་ལ་སྣེ་ལེན་བྱས་ཡོད། དེའི་ཁྲོད་ཕྱི་རྒྱལ་གྱི་འགྲུལ་བ་མི་གྲངས2300ལྷག་ཡོད། ལྟད་མོ་པས་སྐད་བཞག་པའི་ཁ་གྲངས1326གིས་འཆད་ཁྲིད་ཐེངས425རྩ་འཛུགས་བྱས། སྐབས་གཉིས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་འབྲེལ་མཐོ་རིམ་དཔྱད་གླེང་གྲོས་ཚོགས་ཀྱི་སྐབས་སུ་རྒྱལ་ཁབ་མི་འདྲ་བ5ཡི་རིག་གནས་པུའུ་ཀྲང་དང་ཡུལ་སྐོར་པུའུ་ཀྲང་། དཔལ་འབྱོར་པུའུ་ཀྲང་། ཀྲུང་གོའི་ཕྱི་སྡོད་ཕོ་ཉ། ཞི་བདེ་རྒྱ་མཚོ་ལྷོ་མའི་ཡུལ་སྐོར་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་སོགས་འགྲེམས་སྟོན་ལ་ཞུགས་པ་རེད། ཟླ5པའི་ཟླ་དཀྱིལ་ལ་ཡ་གླིང་ཤེས་རིག་གླེང་མོལ་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འགྲུལ་བ150ལྷག་གིས་ལྟད་མོར་བལྟས་ཡོད།

ཐེངས་འདིར་འགྲེམ་སྤེལ་བྱས་པའི་རིག་དངོས་ལེགས་པོ442ཁྲོད་སྤུས་ལེགས་ཚོན་ལྡན་རྫ་གཡམ་སྐོར་ཞིག་དང་ཟངས་ལི་ཆས། དར་གོས་ཐོན་རྫས་སོགས་ནི་ཆེས་ཐོག་མར་ལྟད་མོ་བ་དག་ལ་ངོ་འཕྲད་པ་རེད། འགྲེམས་སྟོན་ཐོན་རྫས་ཀྱི་ཁྲོད་དུ་རང་རྒྱལ་དུ་ད་ལྟའི་བར་གསར་རྙེད་བྱུང་བ་ཆེས་ཆེ་བའི་མི་སྣ་གར་དུ་རྩེན་པ་བྲིས་པའི་རི་མོ་ཅན་གྱི་ཚོན་ལྡན་སྡེར་གཞོང་། ཀྲུང་གོའི་ད་ཕན་གསར་རྙེད་བྱུང་བ་ཆེས་སྔ་བའི་སྐར་བདུན་རིས་ཀྱི་ཟངས་བཟོས་མེ་ལོང་སོགས་ཡོད། ད་རུང་མི་གཉིས་ཀྱིས་དངོས་པོ་འདེགས་པའི་ཚོན་ལྡན་རྫ་གཡམ་སྡེར་གཞོང་སོགས་རིག་དངོས་རྩ་ཆེན་དག་གིས་ལྟད་མོ་བ་དག་གི་མིག་དབང་ཅིག་ཅར་འཕྲོག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།