མཚོ་སྔོན་གྱིས་གལ་ཆེའི་སྲིད་ཇུས་ལག་ཐབས་དངོས་བསྟར་དོན་འཁྱོལ་བྱས་འབྲས་མངོན་གསལ་རེད་ཅེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་གཟེངས་བསྟོད་བྱས་འདུག

ཟླ5པའི་ཚེས11ཉིན། མི་དམངས་དྲ་བས་འཕྲིན་སྤེལ་དོན།ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་བརྡ་ཁྱབ་བཀྲམ་སྟེ། 2018ལོར་འགག་སྒྲོལ་ཆེན་པོ་གསུམ་དོན་འཁྱོལ་དང་ཞིང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར། “ལྷུག་གཏོང་། བདག་དོམ། ཞབས་ཞུ”གསུམ་ལ་བཅོས་སྒྱུར་གཏིང་ཟབ། གསར་གཏོད་སྒུལ་ཤུགས་དར་སྤེལ་ལ་སྐུལ་སྤེལ། ནང་མཁོ་མུ་མཐུད་རྒྱ་བསྐྱེད། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད། དམངས་ཚིས་ལེགས་བཅོས་དང་འགན་སྲུང་སོགས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དམ་འཛིན་དོན་འཁྱོལ་བྱས་ཏེ། ཞིང་ཆེན(ལྗོངས། གྲོང་ཁྱེར)24དང་། གྲོང་ཁྱེར(ཁུལ)80། རྫོང(གྲོང་ཁྱེར་དང་། ཆུས། ཆི། )སོགས་ལ་ཕན་འབྲས་མངོན་གསལ་ཐོབ་པར་ལྟ་ཞིབ་བསྔགས་སྐུལ་བྱས་ནས་དེ་དང་བསྟུན་པའི་བྱ་དགའི་རྒྱབ་སྐྱོར་བྱེད་ཐབས30བཏོན། དེའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱས་པའི་ཕན་འབྲས་མངོན་གསལ་ཡིན་ལ། དོན་དག་གི་ཐོག་མཐའ་བར་གསུམ་གྱི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ལ་སྤྱི་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད་པས་ལྟ་ཞིབ་དང་འབྲེལ་བསྔགས་སྐུལ་བྱས། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྐུལ་ཤུགས་ཆེ་བ། ལས་རིགས་སློབ་གསོ་གོང་སྤེལ་གྱི་ཁོར་ཡུག་ལེགས་པ། ལས་རིགས་སློབ་གསོ་བཅོས་སྒྱུར་སྐུལ་སྤེལ་གྱི་ཕན་འབྲས་མངོན་གསལ་ཡིན་པས་ལྟ་ཞིབ་དང་འབྲེལ་བསྔགས་སྐུལ་བྱས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀྱིས་ཞིང་གྲོང་གི་ཁོར་ཡུག་ལེགས་བཅོས་བྱས་པའི་ཕན་འབྲས་མངོན་གསལ་ཐོབ་པས་ལྟ་ཞིབ་དང་འབྲེལ་ནས་བསྔགས་སྐུལ་བྱས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་ཕན་འབྲས་མངོན་གསལ་ཡིན་པ་དང་། དཔེ་མཚོན་ཅན་གྱི་གསར་གཏོད་ཉམས་མྱོང་དང་བྱེད་ཐབས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་དང་འབྲེལ་ནས་བསྔགས་སྐུལ་གཟེངས་བསྟོད་ཐོབ་པར་ལྟ་ཞིབ་བསྔགས་སྐུལ་བྱས།

བརྡ་ཁྱབ་ཀྱི་ནང་དུ། ལྟ་ཞིབ་ཀྱི་བསྔགས་སྐུལ་ཐོབ་པའི་ས་གནས་ཀྱིས་མིག་དཔེའི་ནུས་པ་བཏོན་ནས་ལག་རྗེས་གསར་པ་འཇོག་པར་ཡང་འབད་བསྐྱར་འབད་བྱེད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྣེ་འཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སྒོ་ཀུན་ལས་ལག་ལེན་མཐའ་འཁྱོལ་དང་། “འདུ་ཤེས་བཞི”བརྟན་འཛུགས་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”དོན་འཁྱོལ། གཏན་འཇགས་ཁྲོད་བརྩོན་ལེན་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་སྐྱོང་། འཕེལ་རྒྱས་ཀྱི་བསམ་བློ་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན། མཁོ་སྤྲོད་ལོགས་གྲུབ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ། གཅིག་གྱུར་འཆར་འགོད་ཐོག་འཕེལ་རྒྱས་བརྟན་པོ་ཡོང་བ་དང་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། སྒྲིག་གཞིར་སྙོམས་སྒྲིག་བྱེད་པ། དམངས་ཕན་གཟིགས་སྐྱོང་དང་ཉེན་འགོག་ཉེན་ཟོན། ལས་ཀ་བརྟན་སྲུང་བཅས་བྱས་ནས་ལུགས་མཐུན་གྱི་བར་སྟོང་དུ་དཔལ་འབྱོར་འཁོར་སྐྱོད་བྱ་བ་རྒྱུན་བསྐྱངས་ཤིང་། རྣམ་པ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་ངན་པ་རིགས་ཤུགས་ཀྱིས་བཅད་དེ། འགན་འཁྲི་འཁུར་ལེན་གྱི་སྤོབས་པ་ཆེན་པོས་ལས་ཀའི་འགག་འཕྲང་གཏོར་བ་དང་། དོན་དངོས་ལ་སྦྱར་ནས་གསར་གཏོད་དང་ལྡན་པའི་སྒོ་ནས་ལས་ཀ་ལེགས་པོར་བསྒྲུབ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་སྨིན་པར་འགན་ལེན་ཐོག གྲུབ་འབྲས་ཁྱད་པར་ཅན་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན།

ཤེས་གསལ་ལྟར་ན།ཐེངས་དེའི་ལྟ་ཞིབ་བསྔགས་སྐུལ་གྱི་ནང་དུ་ས་གནས་ཀྱི་མིང་ཐོ་ཁྱོན་བསྡོམས་ཁག30ཡོད་ཅིང་། དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་འགན་འཁུར་པས་ངོ་སྤྲོད་ལྟར་ན། 2017ལོར་ལྟ་ཞིབ་བསྔགས་སྐུལ་གྱི་ཕུགས་ཕན་ལམ་ལུགས་བཙུགས་ཚུན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟུད་མར་ལོ་གསུམ་ནང་དུ་ལྟ་ཞིབ་བསྔགས་སྐུལ་གྱི་ལས་ཀ་བསྒྲུབས་ཡོད་པ་རེད། དེའི་དམིགས་བྱ་གཙོ་བོ་ནི་ཀྲུང་དབྱང་དང་ས་གནས་ཀྱི་དགེ་མཚན་རང་བཞིན་གང་ལེགས་འདོན་སྤེལ་བྱས་ནས་བཅོས་སྒྱུར་གསར་གཏོད་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་ལག་བསྟར་དམ་འཛིན་གྱི་རང་རྟོགས་རང་བཞིན་དང་གསར་གཏོད་རང་བཞིན་ལ་ཡར་སྐུལ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་འོས་འགན་འགྲུབ་པར་འགན་ལེན་བྱ་ཆེད་རེད། ཐེངས་འདིའི་ལྟ་ཞིབ་བསྔགས་སྐུལ་གྱི་ལས་ཀའི་ཁྲོད་དུ། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་དཔྱད་སྡུར་བྱེད་ཐབས་ལེགས་བཅོས་བྱས་ནས་གཞི་རིམ་གྱི་འགན་འཁུར་ཇེ་ཡང་དུ་གཏང་ཆེད་ལས་ཕྱོད་དངོས་གཙིགས་འཛིན་དང་། ལེགས་པའི་ནང་གི་ལེགས་པོ་འདེམས་པ། གཞུང་དྲང་དང་ཕྱི་གསལ་ནང་གསལ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། 2018ལོའི་གཙོ་གནད་ལས་ཀའི་ཕན་ཕྱོད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་དང་ཆེད་དོན་ལྟ་ཞིབ། སྡེ་ཚན་གྱི་དུས་རྒྱུན་ལྟ་ཞིབ་བཅས་ཀྱི་ཕྱོགས་བསྡུས་དཔྱད་འཇོག་གི་རྨང་གཞིའི་ཐོག ས་གནས་ཀྱི་དཔལ་འབྱོར་གོང་སྤེལ་གྱི་བར་ཁྱད་ལ་བསམ་བློ་གང་ལེགས་བཏང་སྟེ། ལྟ་ཞིབ་བསྔགས་སྐུལ་གྱི་མིང་ཐོ་བཟོས། བསྡོམས་རྩིས་ལྟར་ན། ལྟ་ཞིབ་བསྔགས་སྐུལ་གྱི་བྱེད་ཐབས་ཁག་དགུ་བཏོན་པའི་གནས་ཚུལ་འོག ད་ལོར་ལྟ་ཞིབ་བསྔགས་སྐུལ་ཐོབ་པའི་ས་གནས་ཀྱི་གྲངས་ཀ་ཡོངས་ན་ནིང་དང་ཕལ་ཆེན་གཅིག་འདྲ་ཡིན་པས། དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ་རེད། དེའི་ནང་ས་གནས45ཡི་ལས་ཀའི་ཕན་ཕྱོད་མངོན་གསལ་ཡིན་པར་ལྟ་ཞིབ་བསྔགས་སྐུལ་གཉིས་ཐོབ། ས་གནས69ཡིས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ནས་གྲུབ་འབྲས་གསར་པ་བླངས་པར་ལྟ་ཞིབ་བསྔགས་སྐུལ2ཐོབ། གྲོང་ཁྱེར་དང་རྫོང་། གཞི་རིམ་ས་ཁུལ་དུ་ཐོབ་པའི་ལྟ་ཞིབ་བསྔགས་སྐུལ་གྱི་གྲངས་ཀའི་བསྡུར་ཚད90%ཉེ་བར་ཟིན་ཡོད་པ་རེད།

ད་སྔ་གཅིག་གྱུར་བཀོད་སྒྲིག་ལྟར་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་བསྔགས་སྐུལ་བྱེད་ཐབས་དོན་ཐོག་ཏུ་སྨིན་པར་དམ་འཛིན་དང་། དྲང་ཕྱོགས་ཀྱི་གཟེངས་བསྟོད་ནུས་པ་གང་ལེགས་བཏོན་ནས་ས་གནས་ཀྱིས་སྔོན་ཐོན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པར་སྐུལ་འདེད་དང་། དམ་པ་དོན་གཉེར་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་གསར་པ་མུ་མཐུད་ནས་ལེན་པའི་སྒང་རེད།

ཁོན་ཐར་འཚོས་བསྒྱུར།