སྟོད་པ་ནས་སྟོང་སྐོར་བར་གྱི་མྱུར་ལམ་བཀག་སྡོམ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། པེ་ཅིང་ནས་བོད་རང་སྐྱོང་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁུར་གདོས་ཇེ་ཡངས་དང་། གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གཞི་བདེ་བླག་ངང་སྤེལ་ཆེད། བཟོ་སྐྲུན་ལས་གཞིའི་བཀོད་སྒྲིག་གཞིར་བཟུང་སྟེ། སྟོད་པ་ནས་སྟོང་སྐོར་བར་གྱི་གཡས་གཞོགས་མྱུར་བགྲོད་གཞུང་ལམ་བཀག་སྡོམ་བྱ་རྒྱུ་རེད།

བཀག་སྡོམ་ལམ་ཚིགས་དང་དུས་ཚོད།

བཀག་སྡོམ་ལམ་ཚིགས། སྟོད་པ་ནས་སྟོང་སྐོར་བར་གྱི་གཡས་གཞོགས་མྱུར་བགྲོད་གཞུང་ལམ(K1848-K1864)།

བཀག་སྡོམ་དུས་ཚོད། 2019ལོའི་ཟླ5པའི་ཚེས13ཉིན་ནས་ཟླ5པའི་ཚེས20ཉིན་བར་གྱི་ཉིན་རེའི་དུས་ཚོད23ནས་དུས་ཚོད6བར།

གཞུང་ལམ་བཀག་སྡོམ་སྐབས་སུ། ཟི་ལིང་གི་བྱང་སྐོར་མྱུར་ལམ་བརྒྱུད་ནས་སྟོང་སྐོར་ལ་འགྲོ་བའི་རླངས་འཁོར་དག་སྟོད་པའི་ཕུག་ལམ་ནས་རྒྱལ་ལམG109བརྒྱུད་ནས་འགྲོ་དགོས།

ཟི་ལིང་གི་ལྷོ་སྐོར་མྱུར་ལམ་བརྒྱུད་ནས་སྟོང་སྐོར་ལ་འགྲོ་བའི་རླངས་འཁོར་དག་ལྷོ་སྐོར་མྱུར་ལམ་གྱི་སྟོད་པའི་ཕུག་ལམ་ནས་རྒྱལ་ལམG109བརྒྱུད་ནས་འགྲོ་དགོས།

རྒྱལ་ལམG109ཡི་ལམ་ཚིགས་མང་པོར་མཐོ་ཚད་ཀྱི་ཚད་བཀག་ཡོད་པས། རླངས་འཁོར་ཆེ་བ་དག་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དབོར་འདྲེན་ཚད་བཀག་ལྟར་བགྲོད་དགོས།


ལོ་ཙཱ་བ། ལྷ་ཆེན་རྒྱལ།