གནད་དོན་གྱི་ཁུངས་སྣེ་དང་བསམ་འཆར་བསྡུ་བའི་གསལ་བརྡ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུ་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི《སྲིད་ཇུས་དོན་འཁྱོལ་ཐོག་གཞི་རིམ་གྱི་ལས་ཁུར་ཇེ་ཡང་དང་ལས་ཕྱོད་ཇེ་མཐོར་སྐུལ་ཐབས་དོན་ཚན་བཅུ》ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཏང་ཨུ་གཞུང་སྒྲུབ་ཐིན་གྱི《སྲིད་ཇུས་དོན་འཁྱོལ་ཐོག་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་སྒོས་གཞི་རིམ་གྱི་ལས་ཁུར་ཇེ་ཡང་དུ་བཟོ་བའི་ཆེད་དམིགས་བྱ་བའི་ཇུས་གཞི》ཡི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། འགོ་ཁྲིད་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། 2019ལོའི་ཟླ5པའི་ཚེས13ཉིན་ནས་བཟུང་། ཞིང་ཆེན་ཆེད་དམིགས་བྱ་བའི་སྒྲིག་གཞི་གཞུང་སྒྲུབ་ཁང་གིས་བསམ་འཆར་འདོན་སའི་ཁ་པར་དང་དྲ་རྒྱའི་སྟེགས་བུ་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཐད་ཀྱི་བསམ་འཆར་དང་། ཕྱི་ཚུལ་རང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ལས་ཁུར་ཇེ་ཡང་དུ་བཏང་བའི་ཕྱོགས་ཀྱི་གནད་དོན་ཁུངས་སྣེ་དང་བསམ་འཆར་བསྡུ་རྒྱུ་ཡིན་པ་རེད།

གཅིག ཡར་ཞུ་བྱ་ཡུལ།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཐེར་འདོན་དྲ་ཚིགས། www.qhjc.gov.cn

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ12380ཐེར་འདོན་ཁ་པར་སྟེགས་བུ། 0971—12380

ཞིང་ཆེན་ཆེད་དོན་བྱ་བའི་སྒྲིག་གཞི་གཞུང་སྒྲུབ་ཁང་། 0971—8485334

གཉིས། དང་ལེན་བྱེད་པའི་དུས་ཚོད།

ཉིན་རེའི་བྱ་བའི་ཉིན་མོ། 8:30—12:00,14:30—18:00

མཚོ་སྔོན་ཞིང་ཆེན་སྲིད་ཇུས་དོན་འཁྱོལ་སྒོས་གཞི་རིམ་གྱི་ལས་ཁུར་ཇེ་ཡང་དང་ལས་ཕྱོད་ཆེར་གཏོང་ལ་སྐུལ་བའི་ཆེད་དམིགས་བྱ་བའི་སྒྲིག་གཞི་གཞུང་སྒྲུབ་ཁང་།

2019ལོའི་ཟླ5པའི་ཚེས7ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།