འཕྲུལ་རྟ་བཞོན་ཏེ་རི་ལུང་བརྒལ་བ།

འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད། དཀའ་སྡུག་དེ་ཡང་འགན་འཁྲི་ཞིག་ཡིན་ངེས།

 དུས་ཐུང་ངལ་གསོ་བྱེད་དོན་ཡང་སྔར་ལས་རིང་བའི་ལམ་ཐག་ཏུ་སྐྱོད་པའི་ཕྱིར།

ཟླ་ལྔ་བ་ནི་དབྱར་ཉི་ལྡོག་གི་དུས་ཚིགས་ཡིན་མོད། འོན་ཀྱང་མཚོ་སྔོན་གྱི་མཐོ་ཚད་ནི་ཆ་སྙོམས་བྱས་ན་མཚོ་ངོས་ལས་རྨིད4200ལྷག་གིས་མཐོ་བའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཆ་མཚོན་ནས་བཤད་ན། སྔར་བཞིན་ག་ས་གང་དུ་དུང་མདོག་ཁ་བས་ཡོངས་སུ་བཀླུབས་འདུག མགོ་ལོག་ཁུལ་པདྨ་རྫོང་དུ་ང་ཚོས་དཀའ་སྡུག་ལ་ཞུམ་པ་མེད་པའི་རུ་དཔུང་ཞིག་མཐོང་ཐུབ་ལ། ཁོ་ཚོས་ནམ་རྒྱུན་འཕྲུལ་རྟ་ཞོན་ཏེ་རི་ཀློང་དང་དབེན་གནས་སུ་ཡོད་པའི་འབྲོག་ཁྱིམ་དག་ལ་སོང་ནས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སོགས་ལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་གང་མང་ཞིག་དྲིལ་སྒྲོག་བྱེད་བཞིན་ཡོད། “ཚད་གཞི་གཅིག་དང་དངོས་ཡོད་གསུམ”གྱི་གནད་ཁེལ་ཡང་དག་བརྡ་འཕྲིན་སོགས་འཚོལ་ཞིབ་བྱས། ཁོ་ཚོ་ནི་པདྨ་རྫོང་སྤྱི་བདེ་ཅུའུ་འཕྲུལ་རྟའི་དྲིལ་སྒྲོག་འཚོལ་བསྡུའི་རུ་དཔུང་ཡང་ཡིན། པདྨ་རྫོང་གི་འབྲོག་པ་མི་དམངས་རི་ཀློང་དབེན་གནས་སོ་སོར་ཁ་འཐོར་དུ་གནས་ཡོད་ལ། དུས་ཡུན་རིང་བོར་རྒྱང་རིང་གི་གནས་སུ་གཞིས་སྡོད་བྱེད་པའི་འབྲོག་པ་མང་ཚོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ལ་རྒྱུས་ལོན་ཐུབ་པ་དང་སྤྱི་བདེ་རྨང་གཞིའི་བརྡ་འཕྲིན་མུ་མཐུད་དུ་འཐུས་ཚང་ཅན་ལ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཞབས་ཞུ་གང་ལེགས་བསྐྲུན་ཆེད། པདྨ་རྫོང་སྤྱི་བདེ་ཅུའུ་ཡིས་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། ཉེན་རྟོག་ལས་དོན་ཁང་གི་ལས་དོན་རིགས་བཀར་སྒོས་འབྲོག་པ་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་བྱེད་པའི་རྒྱང་སྐྱོད་འཕྲུལ་རྟའི་རུ་དཔུང་གསར་འཛུགས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།