ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པའི་ཟབ་སྦྱོང་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ཆར།ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་གཉེར་བའི2019ལོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པའི་ཟབ་སྦྱོང་འཛིན་གྲྭ་མཚོ་ཤར་གྲོང་ཁྱེར་དུ་སློབ་འགོ་ཚུགས། ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པའི་མཐོང་རྒྱ་ཆེ་རུ་གཏང་བ་དང་། འདུ་ཤེས་གསར་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་གོ་རྟོགས་དང་སྦྱངས་པ་གོ་ཆོད་ཡོང་བ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཁག་གསུམ་པ་དང་བཞི་པའི་ཤེས་ལྡན་པ་བརྗེ་རེས་བྱེད་པའི་རིང་དུ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱ་རྒྱུ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་དང་ཞབས་འདེགས་ཞུ་རྒྱུ་དེ་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་པ240ལྷག་ཙམ་ཟབ་སྦྱོང་ནང་ཞུགས་པ་རེད།

ཐེངས་འདིའི་ཟབ་སྦྱོང་གཟའ་འཁོར་གཅིག་གི་རིང་དུ་གཉེར་རྒྱུ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་དྲངས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ》དང《ད་སྔའི་རྒྱལ་ནང་གི་སྤྱི་ཁོག་དཔལ་འབྱོར་དུས་བབ་དབྱེ་ཞིབ》《དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་ནུས་པ་དང་འགོ་ཁྲིད་སྒྱུ་རྩལ》སོགས་ཆེད་དོན་འཆད་ཁྲིད་བྱས་པ་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ཞིབ་བསྡུར་སྤེལ་རེས་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་པར་བློ་སྟོབས་འཕེལ་བ་དང་། ནང་གནས་ཀྱི་ནུས་པ་འཕེལ་བར་བྱེད་པའི་ཏང་གཤིས་ཀྱི་སློབ་གསོ་ཞིག་ཡིན་ལ། རྒྱལ་ནང་གི་དཔལ་འབྱོར་དུས་བབ་ཀྱི་ལག་ལེན་དབྱེ་ཞིབ་དང་མཚན་ཉིད་རིག་པའི་བསམ་གཞིག་གི་གསོན་སྟོན་གཟབ་རྒྱས་ཤིག་ཀྱང་ཡིན་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པས་དུས་རབས་གསར་པར་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་འགན་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་འཕེལ་བ་བྱས་ཡོད། དེ་དང་ཆབས་ཅིག་ཏུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་པའི་དུས་ཚད་ལོངས་ཏེ་ཕྱིར་ལོག་རྗེས་ཀྱི་གཟུགས་པོར་གནོད་འཚེ་ཕོག་ཚད་དམའ་རུ་གཏང་ཆེད། པེ་ཅིང་ལུས་རྩལ་སློབ་ཆེན་གྱི་གྲགས་ཅན་ས་མཐོའི་ལུས་རྩལ་མཛུབ་ཁྲིད་ཆེད་མཁས་པ་གདན་དྲངས་ནས《ས་མཐོའི་འཕྲོད་སྦྱོར་རྒྱུན་ཤེས་རྗེས་མ》ཡི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།