མཚོ་སྔོན་ཞིང་ཆེན་གྱིས་དུས་འགོའི་ལས་གཞི་གནད་ཆེན་བརྒྱ་ལག་བསྟར་བྱ་རྒྱུ་རེད།

ལས་གཞི་དེ་དག་ཕྱོགས་བརྒྱད་ལ་འབྲེལ་བ་ཡོད་ཅིང་ཁྱོན་སྡོམ་མ་དངུལ་དུང་ཕྱུར8920གཏང་གྲབས་འདུག

ཞིང་ཆེན་སྲིད་གཞུང་ནས་སྤེལ་བའི་འཕྲིན། ད་ལོར་རང་རེའི་ཞིང་ཆེན་གྱིས་དུས་འགོའི་ལས་གཞི་གལ་ཆེན་བརྒྱ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། གཙོ་བོ་ཆུ་བེད། འགྲིམ་འགྲུལ། ནུས་ཁུངས། ཆ་འཕྲིན། གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་སྒྲིག་བཀོད། ཐོན་ལས་གོང་སྤེལ། སྣོད་བཅུད་སྲུང་སྐྱོང་། དམངས་ཚིས་ལེགས་བཅོས་སོགས་ཕྱོགས་བརྒྱད་ལ་འབྲེལ་བ་ཡོད་པ་དང་། ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར8920གཏང་གྲབས་འདུག


ཆུ་བེད་ཀྱི་རྨང་གཞི་སྒྲིག་ཆས་ལས་གཞི་ལ7ཡོད་ཅིང་།ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར861གཏང་དགོས་ཡོད་པ་རེད། གཙོ་བོ་རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་། འབྲི་ཆུ་ཚྭ་འདམ་དུ་འདྲེན་པ། “སན་ཐན”ཆུ་འདྲེན་གྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་དང་། ཚྭ་འདམ་གཞོང་གི་ཆུའི་ཐོན་ཁུངས་སྡེབ་སྒྲིག་གི་དུས་རིམ་དང་པོའི་ལས་གཞི་སོགས་ལས་གཞི་ཐད་གཏང་རྒྱུ་རེད།

འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལས་གཞི22ཡོད་ཅིང་། ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར3047གཏང་དགོས་ཡོད། གཙོ་བོ་ཟི་ལིང་ནས་ཡུལ་ཤུལ། ཡུལ་ཤུལ་ནས་ཆབ་མདོ་བར་གྱི་ལྕགས་ལམ། ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ། མཚོ་བོད་ལྕགས་ལམ་ཀྱི་ན་གོར་མོ་ནས་ལྷ་སའི་བར་གྱི་ལམ་མཚམས་གློག་ཤུགས་ཅན་དུ་གཏོང་བ། ན་གོར་མོ་ནས་མང་ཡཱ་བར་གྱི་གཞུང་ལམ། ཁྲི་ཀ་ནས་རྟ་བོའི་བར་གྱི་མྱུར་བགྲོད་གཞུང་ལམ། ཟི་ལིང་གནམ་ཐང་གྱི་དུས་རིམ་གསུམ་པའི་ལས་གཞི། མཚོ་སྔོན་པོའི་གནམ་ཐང་ལས་གཞི་སོགས་ལས་གཞི་ཐད་བེད་སྤྱོད་གཏང་རྒྱུ་རེད།

ནུས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་སྒྲིག་པའི་ལས་གཞི11ཡོད་ཅིང་། ཚོད་དཔག་བྱས་ན་དེར་ཁྱོན་བསྡོམས་མ་དངུལ་དུང་ཕྱུར2838གཏང་དགོས་ཡོད་དེ། གཙོ་བོ་མཚོ་སྔོན་ནས་དབུས་ཤར་རྒྱུད་ཀྱི་མཐོ་གནོན་ཐད་རྒྱུག་གློག་འདོན་སྟོང་ཧྥུ±1100དང་། རྨ་ཆུའི་སྐས་རིམ་གློག་ཚུགས་ཀྱི་གློག་གསོག་བཟོ་གྲྭ་ཆེ་ཤོས། མཐོ་གནོན་རྒྱུ་ལམ་དང་ཕྱིར་སྐྱེལ་རྒྱུ་ལམ་གྱི་ཆ་འགྲིག་གློག་ཁུངས་ལ་སོགས་ཀྱི་ལས་གཞི་ཐད་གཏང་རྒྱུ་རེད།

ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་སྒྲིག་བཀོད3སྟེ། ལས་གཞི་དེར་ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར34གཏང་དགོས་ཡོད། གཙོ་བོ་སྐུད་ཡོད་དྲ་རྒྱ་འཐུས་ཚང་དང་། སྐུད་མེད་དྲ་རྒྱ་ཁྱབ་གདལ་དང་ལེགས་བཅོས་སོགས་ལས་གཞི་ཐད་གཏང་རྒྱུ་རེད།

སྣོད་བཅུད་ཁོར་སྲུང་གི་ལས་གཞི་ལ12སྟེ། ཚོད་དཔག་བྱས་ན་ཁྱོན་སྡོམ་མ་དངུལ་དུང་ཕྱུར548གཏང་དགོས་ལ། གཙོ་བོ་རྨ་འབྲི་རྫ་གསུམ་འགོ་ཁུངས། མདོ་ལ་རི་བོའི་དུས་རིམ་གཉིས་པའི་ལས་གཞི། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་། དེ་མིན་རྨ་འབྲི་རྫ་གསུམ་དང་། རྨ་ཆུའི་རོང་ས། ཚྭ་འདམ་གཞོང་གི“རི་ཆུ་ནགས་ཞིང་མཚེའུ”སླར་གསོ་ཚོད་ལྟའི་ལས་གཞི་སོགས་ལས་གཞི་ཐད་གཏང་རྒྱུ་རེད།

གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་སྒྲིག་བཀོད་རྣམ་གྲངས་ལ9ཡོད་པ་དང་། ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར958གཏང་དགོས་ཡོད། གཙོ་བོ་ཟི་ལིང་གྲོང་ཁྱེར་མངའ་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་ལས་བར་སྐོར་གཞུང་ལམ་དང་། ཟི་ལིང་གྲོང་ཁྱེར་གྱི་ཧྲིན་ནཱ་གནའ་ཤུལ་སྤྱི་གླིང་། གཅན་ཚའི་རྨ་ཆུའི་སྟེང་གི་སྣང་ར་ཟམ་ཆེན་ལ་སོགས་ཀྱི་ལས་གཞི་ཐད་གཏང་རྒྱུ་རེད།

ཐོན་ལས་གོང་སྤེལ་གྱི་ལས་གཞི24ཡོད་ཅིང་། ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར477གཏང་དགོས་ཡོད། གཙོ་བོ་ནོར་ནག་གི་ཐོན་ལས་མནའ་འབྲེལ་དང་། ཤ་རག་མུ་ཡི་ནིག་ཁོབ་གཏེར་ཁ་སྔོག་འདེམས། ལོ་ཧྲིལ་པོར་སོལ་ལས་བཟོས་པའི་ཕྲུན་ཁ་པ་གཉིས་པ་ཏུན60། ལོ་ཧྲིལ་པོར་ལིས་གྱེས་གློག་རྡུལ་མོ་སྣེ་ཡི་རྒྱུ་ཆ་གསར་པ་ཏུན་ཁྲི3། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་ལས་གཞི་ཐད་གཏང་རྒྱུ་རེད།

དམངས་ཚིས་ལེགས་བཅོས་ཀྱི་ལས་གཞི12ཡོད་ཅིང་། ཚོད་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་དུང་ཕྱུར156གཏང་དགོས་ཡོད། གཙོ་བོ་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་། མཚོ་སྔོན་ཆུ་བོའི་རིག་གནས་དངོས་མང་བཤམས་སྟོན་ཁང་བཅས་གསར་འཛུགས་དང་། ཞིང་ཆེན་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་དང་། ཞིང་ཆེན་ཕྱུགས་ལས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་བཅས་གནས་སྤོ་བ་ལ་སོགས་པའི་ལས་གཞིའི་ཐད་གཏང་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།