མཚོ་སྔོན་ཞིང་ཆེན་གྱི་རྫ་སྟོད་གཞུང་ལམ་ལམ་རྒྱུད་ཀྱི་ཁངས་སྐྱོན་ཤར་གཏོང་ཐད་ལ་རོགས་སྒྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ད་ལོའི་དགུན་གྱི་དུས་ཚིགས་འདས་སྟེ་དཔྱིད་ཚུགས་པའི་བར། མཚོ་སྔོན་ཞིང་ཆེན་གྱི་རྫ་སྟོད་གཞུང་ལམ་གྱི་ཁོངས་གཏོགས་ལམ་རྒྱུད་སོ་སོར་ཁ་བ་བསྟུད་མར་བབས་པ་དང་ཁ་བ་བཞུ་བའི་ཚད་ཇེ་དལ་དུ་སོང་པས། ཁངས་སྐྱོན་གྱི་གནོད་འཚེ་དང་ཤུགས་རྐྱེན་མི་ལེགས་པ་ཐེབས་ཡོད། དེ་ཡང་རྫ་སྟོད་རྫོང་གི་ཚེ་སྲོག་བསྲིངས་པའི་ལམ་རྒྱུད་སོ་སོ་ཤར་གཏོང་ཐུབ་པ་བྱ་ཆེད། ཡུལ་ཤུལ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་དྲ་བར་མཉམ་འབྲེལ་སྒོས། རྫ་སྟོད་གཞུང་ལམ་ལམ་རྒྱུད་ཀྱི་ལས་བྱེད་ལས་བཟོ་པ་དག་ལ་བློ་སེམས་གཅིག་སྒྲིལ་སྒོས་ཁངས་སྐྱོན་སྔོན་འགོག་བྱ་བའི་དྲོད་ཁོལ་གྱི་དཔེ་རིས་ཤིག་གསར་བཞེངས་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།