གློ་རྡེག་ས་རུབ་སོང་བ་ནང་བཞིན་ན་གོར་མོར་བྱེ་རྡུལ་རླུང་དམར་གཡུག་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ4པའི་ཚེས27ཉིན། ས་ངོས་ཀྱི་མཁའ་དབུགས་འཁྱག་པའི་ཤུགས་རྐྱེན་འོག ན་གོར་མོར་བྱེ་རྡུལ་གྱི་རླུང་དམར་བྱུང་སྟེ་ཆེས་ཐུང་བའི་མཐོང་ཚད་ལ་སྨི642ཡོད་ཅིང་། ཆེས་ཆེ་བའི་རླུང་གི་མྱུར་ཚད་ལ17.3msཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེ་རྡུལ་རླུང་དམར་ལ་དམིགས་ཏེ། ན་གོར་མོ་གྲོང་ཁྱེར་གནམ་གཤིས་ཅུའུ་ཡིས་སྔོན་ལ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ནས། ལས་དོན་གྱི་ལས་རེས་ཐད་ལ་ཤུགས་སྣོན་དང་ཐེངས་འདིའི་བྱེ་རླུང་སྐབས་ཀྱི་གནམ་གཤིས་ཞབས་ཞུ་ཧུར་བསྐྱེད་སྒོས་བསྒྲུབས་པར་མ་ཟད། སྟོད་རྒྱུད་ཀྱི་མེ་ཐབ་གནམ་གཤིས་ས་ཚིགས་དང་ན་གོར་མོ་ཆ་འཕྲིན་མི་སྣས་མཉམ་འབྲེལ་སྒོས་སྔོན་འགོག་སྲུང་སྐྱོབ་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། དུས་ལྟར་བྱེ་རྡུལ་རླུང་དམར་གྱི་གྱི་སྔོན་བརྡ་བཏང་ཞིང་། བྱེ་རླུང་གིས་བཟོས་པའི་གནམ་གཤིས་ཀྱི་གནོད་སྐྱོན་སྣ་ཚོགས་ཐེབས་ཚད་ཇེ་དམའ་རུ་བཏང་བ་རེད།

ཡུལ་དངོས་འདྲ་པར། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།