ལྔ་གཅིག་གུང་གསེང་སྐབས་རླངས་འཁོར་འཇོག་ས407ལ་གླ་སྤྲད་མི་དགོས་པ་བཟོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གཏན་འབེབས་ལྟར་ན། 2019ལོའི་ལྔ་གཅིག་གུང་གསེང་སྐབས་སུ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་དོ་དམ་བྱེད་པའི་སྤྱི་པའི་རླངས་འཁོར་འཇོག་སའི་ས་ཚིགས407གྱི་རླངས་འཁོར་འཇོག་ས18641ལ་གླ་སྤྲད་མི་དགོས་པ་བཟོ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གཏན་འབེབས་བྱས་པ་བརྒྱུད། 2019ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར། དུར་མཆོད་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གུང་གསེང་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་གིས་དོ་དམ་བྱེད་པའི་སྤྱི་པའི་གནས་སྐབས་རླངས་འཁོར་འཇོག་ས་གླ་རིན་མི་དགོས་པར་བཟོ་རྒྱུ་ཡིན་པས། 2019ལོའི་ཟླ5པའི་ཚེས1ཉིན་ནས་ཚེས4ཉིན་བར་གྱི་ལྔ་གཅིག་གུང་གསེང་སྐབས་སུ་ཡང་། སྡོད་དམངས་ཀྱིས་རིན་མེད་གཟིགས་སྐྱོང་སྲིད་ཇུས་འདི་ལོངས་སུ་སྤྱད་ཆོག་པ་རེད།

དུས་ཡུན་དེའི་རིང་། གལ་ཏེ་སྔར་ལྟར་སྡོད་གླ་ལེན་མཁན་ཡོད་ཚེ། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཨང་གྲངས12328ལ་གཏུག་བཤེར་ཞུས་ཆོག་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།