མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་དཔེ་མཚོན་ཅན་བཞི་ཁྱབ་སྒྲོག་བྱས་པ།

ཟླ4ཚེས23ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་ཁྱབ་སྒྲོག ཚོགས་འདུ་འཚོགས་ནས་རང་ཞིང་གི་སྤྱི་ཕན་གཏུག་བཤེར་གྱི་ཁ་མཆུ་དཔེ་མཚོན་ཅན་བཞི་སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱས་པ་རེད། 

གྱོད་གཞི་དང་པོ། དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་རྒྱལ་ཁོངས་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་ ནགས་ལས་ཅུའུ། འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་གཉིས་ཀྱིས་འགན་འཁྲི་འཐུས་ཚང་མ་ཁུར་བའི་གྱོད་གཞི།

གྱོད་གཞིའི་གནས་ཚུལ།

2010ལོ་ནས་བཟུང་ལིའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་སོགས་དུད་ཚང21གིས་གོང་རིམ་གྱི་ཞིབ་བཤེར་ཆོག་མཆན་མ་སྤྲད་པའི་འོག ས་ཞིང་རང་སྣང་ལྟར་གཞན་ལ་གླས་པ་དང་སྤྱོད་སྒོ་དོ་དམ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཏེ། དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་ཧྭ་ཐུའུ་ཀོའུ་གྲོང་རྡལ་གྱི་གཞོན་ནུ་ལམ་དང་ལམ་དེའི་ལམ་སྣེ་གཡས་གཡོན་དུ་རང་དགར་ཁང་པ་བརྒྱབ་ཅིང་། ས་ཆ་སྨི་ངོས་གྲུ་བཞི་མ70446སྒེར་བཟུང་བྱས། དེ་ལ་དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་གྱི་རྒྱལ་ཁབ་ས་ཞིང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུའུ་ཡི་འབྲེལ་ཡོད་སྲིད་འཛིན་ནས་ཁྲིམས་འགལ་ངང་ས་ཞིང་བཟུང་བའི་དོན་དག་ཐག་གཅོད་བྱས་མེད་ལ། དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་གྱི་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་འབྲེལ་ཡོད་སྲིད་འཛིན་ཀྱིས་ཀྱང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞི་དང་འགལ་ནས་ཁང་པ་བརྒྱབ་པ་དང་ཁྲིམས་འགལ་ཨར་སྐྲུན་བྱས་པའི་གནོད་དོན་ཐག་བཅད་མི་འདུག 

ཞིབ་གཅོད་མཇུག་འབྲས།

2018ལོའི་ཟླ12ཚེས12ཉིན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེར་ཡོངས་བསྒྲགས་ངང་ཁྲིམས་ར་ནས་ཞིབ་གཅོད་བྱས་ཤིང་། ཁྲིམས་རའི་ཐོག་འདྲི་གཅོད་བརྒྱུད་ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་རེ་ཞུ་ཚང་མར་རྒྱབ་སྐྱོར་ཐོབ། དང་པོ། ཞུ་སྦྱོར་ཕྱི་མ་སྟེ། མང་ཡ་སྲིད་འཛིན་ཨུ་ལྷན་གྱི་རྒྱལ་ཁབ་ས་ཞིང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་ལིའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་སོགས་དུད་ཚང 21གིས་ཁྲིམས་འགལ་ངང་ས་ཞིང་བཟུང་བའི་བྱ་སྤྱོད་ལ་སྲིད་འཛིན་ལྟ་སྐུལ་གྱིས་དེ་བསྟུན་གྱི་འགན་འཁྲི་དང་དུ་བླངས་མེད་པས་ཁྲིམས་འགལ་ཡིན་པ་དང་། གཉིས། ཞུ་སྦྱོར་ཕྱི་མ་སྟེ་དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་གྱི་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་སྲིད་འཛིན་ནས་གོང་གི་དུད་ཚང21གིས་ཁྲིམས་འགལ་ངང་ས་ཞིང་བཟུང་བ་ལ་ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པས་ཁྲིམས་དང་འགལ། གསུམ། དེ་སྔའི་མང་ཡ་སྲིད་འཛིན་ཨུ་ལྷན་གྱི་རྒྱལ་ཁབ་ས་ཞིང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས། འཛུགས་སྐྲུན་དང་འགྲིམ་འགྲུལ་ཅུས་ཀྱིས་ཁྲིམས་བཀོད་དུས་བཀག་ནང་ཁྲིམས་འགལ་ངང་ས་ཞིང་བཟུང་བ་དང་ཁྲིམས་འགལ་གྱིས་ཨར་སྐྲུན་བྱས་པའི་གོང་གསལ་གྱི་བྱ་སྤྱོད་དེ་དག་ལ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བཀའ་བརྡ་བཏང་བ་དང་། དེ་ནས་བཅད་ཁྲ་ཁྱབ་སྒྲོག་བྱས་རྗེས། ཞུ་སྦྱོར་ཕྱི་མ་གཉིས་ཀྱིས་གོང་གཏུག་མ་བྱས་པ་ཁས་ལེན་བྱས་པས་དཔྱད་མཚམས་ཀྱི་ནུས་པ་ཐོན།

དྲན་སྐུལ་དང་སློབ་སྟོན་གྱི་ནུས་པ།  

(གཅིག) སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་འགན་དབང་སྤྱད་པའམ་ཡང་ན་འགན་མ་འཁྱོལ་བར་རྒྱལ་ཁབ་ཀྱི་ཁེ་ཕན་ནམ་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་ལ་གནོད་འཚེ་ཕོག་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་གོ་རིམ་ལག་བསྟར་བྱ་དགོས། 

(གཉིས) སྲིད་འཛིན་ལས་ཁུངས་ཀྱིས་གཏུག་བཤེར་མ་བྱས་སྔོན་དུ་ཞིབ་དཔྱོད་བསམ་འཆར་བཏོན་ཡང་ད་དུང་འགན་འཁྲི་ལག་བསྟར་བྱས་མེད་པའི་རིགས། མི་ དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་དགོས།

གྱོད་གཞི་གཉིས་པ། མདོ་ལ་རྫོང་གི་དེ་སྔའི་ཁོར་སྲུང་དང་ནགས་ལས་ཅུའུ་ཡི་ཁྲིམས་འགལ་ལས་འགལ་གྱི་གྱོད་དོན།

ཡུན་ནན་གྱི་གཞུང་ལམ་ཟམ་འདིང་ཨར་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་བ་ལྡང་ཆུ་བོ་ཧུང་ཚང་སི(黄藏寺)ཆུ་བེད་འགག་རྩའི་ལས་གྲྭS204(ཨར་ག་ལམ)སླར་གསོ་ལེགས་སྒྱུར་དང་བ་ལྡང་ཟམ་ཆེན་གྱི་ལས་གཞིའི་ཨར་ལས་བཅས་ཀྱི་གོ་རིམ་ཁྲོད། ཤིང་གཅོད་འཐུས་ཡིག་གི་དུས་ཚད་བརྒལ་བའི་གནས་ཚུལ་འོག་མདོ་ལ་རྫོང་གི་སྲུང་སྐྱོབ་བྱ་ཡུལ་གྱི་ཤིང་རིགས་གཙོ་བོ་སྦྱར་སྡོང་ཁྲིམས་འགལ་གྱིས་བཅད་པས། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་གཞུང་ཁེ་ཕན་ལ་གནོད་པ་བཏང་།

ལྟ་སྐུལ་མཇུག་འབྲས།

མདོ་ལ་རྫོང་གི་དེ་སྔའི་ཁོར་སྲུང་དང་ནགས་ལས་ཅུས་ཀྱིས་ཞིབ་དཔྱོད་ཁང་གི་བསམ་འཆར་འབྱོར་རྗེས་འགན་ལག་བསྟར་བྱས་ཏེ། ཨར་སྐྲུན་ལས་ཁུངས་ཀྱིས་གནའ་སྡོང་སྲུང་སྐྱོང་གི་འགན་འཁྲི་ལམ་ལུགས་བཙུགས་པ་དང་། ཨར་ལས་ལས་སའི་ཉེ་འཁོར་གྱི་གནའ་སྡོང་གསུམ་ལ་སྲུང་ར་དང་མཚོན་བྱང་བཟོས་པ་མ་ཟད། ནགས་ཚལ་སྤྱི་བདེ་སྡེ་ཚན་སྤྲད་དེ་སྡོད་བོ་གཅོད་འཐུས་ཀྱི་དུས་བརྒལ་བའི་འོག སྦྱར་སྡོང13བཅད་པ་ཡིན་ན་ཁྲིམས་འགལ་ལྟར་ཐག་གཅོད་བྱ་རྒྱུ་མ་ཟད། ཨར་ལས་ལས་ཁུངས་ཀྱིས་སྐྱིན་ཚབ་ཏུ་སྡོང་བོ65དང་། སྒོར27060ཡི་ཆད་པ་སྤྲད་དགོས་པའི་བཀའ་བརྡ་བཏང་།

དྲན་སྐུལ་དང་སློབ་སྟོན་གྱི་ནུས་པ།

དང་པོ། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་གནའ་སྡོང་བཅད་པའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་མ་བྱས་ན་སྤྱི་ཚོགས་ཀྱི་སྤྱི་གཞུང་ཁེ་ཕན་ལ་གནོད་པའི་རང་བཞིན་དུ་འགྱུར་བ་ཡིན། 

གཉིས་པ། གཏུག་བཤེར་མ་བྱས་གོང་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་འཆར་དང་དུ་བླངས་ན། ཁྲིམས་འཛིན་གྱི་རྣམ་པ་ཡག་ཤོས་འོག་ནས་སྤྱི་བའི་ཁེ་ཕན་སྲུང་སྐྱོང་གི་དམིགས་འབེན་མངོན་དུ་འགྱུར་ཐུབ།

གྱོད་གཞི་གསུམ། ཝང་ཆེ་གེ་མོས་ཁྲིམས་འགལ་ཐོག་ཉ་བཟུང་བའི་ཉེས་དོན་ཞོར་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི།

2018ལོ་ཟླ6ཚེས29ཉིན་གྱི་ཆུ་ཚོད23ཡས་མས་སུ། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་དང་སུང་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་གསུམ་གྱིས་གྲོས་ཁ་ལྟར་རླངས་འཁོར་ནང་ཉ་རྒྱ་དང་གྲུ་སོགས་དྲུད་ནས་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་དཔལ་དགེ་དང་ཉེ་བའི་མཚོ་སྔོན་པོའི་ཁར་སོང་ནས་ཉ་སྤྱི་རྒྱ237.5བཟུང་ཞིང་། ཞུ་སྦྱོར་ཕྱི་མ་ཝང་ཆེ་གོ་མོ་ཉེན་རྟོག་པས་ཉ་འཛིན་སར་འཛིན་བཟུང་བྱས་ཤིང་། ཡུལ་དངོས་སུ་ཉ་རྒྱ18དང་། ཉ་གྲུ་གཅིག་ལག་ནས་བླངས། གཞན་གཉིས་བྲོས་བྱོལ་བྱས། གསལ་འབྱེད་བརྒྱུད། ཝང་ཆེ་གེ་མོ་བཅས་ཀྱིས་བཟུང་བའི་ཉ་ནི་མཚོ་སྔོན་པོའི་གསེར་ཉ་ཡིན་པ་གསལ་ཐག་ཆོད།

ཞིབ་གཅོད་མཇུག་འབྲས།

ཞུ་སྦྱོར་ཕྱི་མ་བཟུང་རྗེས་དོན་དག་ཇི་མ་ཇི་བཞིན་བརྗོད་དེ་ཉེས་པ་ཁས་བླངས་པ་མ་ཟད། སྤྱི་ཕན་གཏུག་བཤེར་གྱི་རེ་བ་བཞིན་མཐུན་འགྲིག་བྱ་རྒྱུར་འཐད་པ་བྱུང་། ཁྲིམས་བཞིན་ཉེས་ཆད་ཡངས་མོ་གཅད་རྒྱུ་བྱས། 2018ལོའི་ཟླ11ཚེས9ཉིན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་དོན། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་ཁྲིམས་འགལ་འོག་ཉ་བཟུང་བའི་ཉེས་པར་ཟླ་ལྔ་ཡི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ཉ་འཛིན་གྲུ་དང་ཉ་རྒྱ་དག་གཞུང་བཞེས་བྱས། བཅད་ཁྲ་ཁྱབ་སྒྲོག་བྱས་རྗེས་ཝང་ཆེ་གེ་མོས་ཁྲིམས་ར་ནས་སྤྱི་ཚོགས་ཡོངས་ལ་དགོངས་དག་ཞུས་པ་མ་ཟད། རང་རྟོགས་སྒོས་སླར་གསོ་འགྲོ་གྲོན་སྒོར11875སྤྲད་པ་རེད།

དྲན་སྐུལ་དང་སློབ་སྟོན་གྱི་ནུས་པ།

དང་པོ། མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་དམིགས་བསལ་གྱི་འཚོ་གནས་ཁོར་ཡུག་ལ་བརྟེན་ཅིང་འབྲེལ་བས་ན། ཝང་ཆེ་གེ་མོས་ཁྲིམས་འགལ་སྒོས་བཟུང་བ་ནི་མཚོ་སྔོན་པོའི་གསེར་ཉ་རེད་ལ། དེ་ཡང་མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་དང་། ཞིང་ཆེན་ནང་ཁུལ་གྱི་ནུབ་བྱང་ཚྭ་འདམ་གཞོང་གི་ཐང་རྒོད་བྱེ་ཁུལ་དང་། ཤར་རྒྱུད་ཀྱི་དུས་རླུང་ཁུལ། མཚོ་སྔོན་ལྷོ་ཕྱོགས་ཀྱི་གྲང་ལྷགས་ས་ཁུལ་བཅས་ཁུལ་གསུམ་གྱི་འདུས་མདོར་ཆགས་པས། སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་ཧ་ཅང་ཆེ་ལ་སྣོད་བཅུད་མ་ལག་གི་ཉམས་ཞེན་པའི་ས་ཁུལ་ཡིན། གཉིས་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་གཞུང་ཁེ་ཕན་ལ་གནོད་པའི་ཉེས་སྤྱོད་དག་དམངས་དོན་ཞོར་འབྲེལ་གྱི་ཉེས་དོན་ལྟར་སྤྱི་ཕན་གཏུག་བཤེར་བྱས་ཆོག གསུམ་ནི། སྣོད་བཅུད་ཁོར་ཡུག་ལ་གནོད་པ་བཏང་བའི་མཇུག་འབྲས་དང་སླར་གསོ་གྲོན་དངུལ་ཡང་དག་གཏན་འབེབས་བྱས་པ་རེད།

གྱོད་གཞི་བཞི་པ། ལིའུ་ཆེ་གེ་མོ་དང་ལུའུ་ཆེ་གེ་མོས་མེ་སྐྱོན་བཟོས་པའི་ནག་ཉེས་ལ་དམངས་དོན་སྤྱི་ཕན་ཞོར་འབྲེལ་གཏུག་བཤེར་གྱི་གྱོད་གཞི།

གྱོད་གཞིའི་གནས་ཚུལ།

2018ལོའི་ཟླ4ཚེས1ཉིན་གྱི་ཆུ་ཚོད12ཡས་མས་སུ། ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དང་ལུའུ་ཆེ་གེ་མོས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཧོ་ཧྲའོ་ལུང་པའི་ལུའུ་ཐུང་ལྗང་སྒྱུར་ཁུལ་གྱི་རི་འདབས་སུ་ཆགས་པའི་བཤིག་སྤོ་བཟོ་ལས་ར་བར་དབྱང་རླུང་ཚ་ལ་ལ་བརྟེན་ནས་ཁང་རྙིང་གི་ཐོག་སོ་གཉིས་པའི་སྐྱོར་བ་གཅོད་སྐབས། སྟབས་མ་ལེགས་པར་ཁང་ཕྱིའི་རྩྭ་སྐམ་མེར་འབར་ནས་མེ་སྐྱོན་བཟོས། ཟི་ལིང་གྲོང་ཁྱེར་ནགས་ལས་རྩད་ཞིབ་ཇུས་འགོད་གླིང་གིས་གསལ་འབྱེད་གཏན་འབེབས་བརྒྱུད། མེར་བསྲེགས་པའི་སྣོད་བཅུད་ཁོར་ཡུག་སླར་གསོའི་ཐད་སྒོར་ཁྲི111492.60དགོས་པ་རེད།

ཞིབ་གཅོད་མཇུག་འབྲས།

མི་དམངས་ཁྲིམས་ཁང་གིས་རྩད་ཞིབ་ཁྲོད་དུ། ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དང་། ལུའུ་ཆེ་གེ་མོས་ཁྲིམས་རར་སོ་སོའི་ནག་ཉེས་ཁས་བླངས་པ་མ་ཟད། དམངས་དོན་ཞོར་འབྲེལ་གྱི་སྤྱི་ཕན་གཏུག་བཤེར་གྱི་རེ་བ་བཞིན་མཐུན་འགྲིག་བྱ་རྒྱུ་འཐད་པ་བྱུང་། 2018ལོའི་ཟླ12པའི་ཚེས17ཉིན། མི་དམངས་ཁྲིམས་ཁང་གིས་དམངས་དོན་ཞོར་འབྲེལ་གྱི་སྤྱི་ཕན་གཏུག་བཤེར་གྱི་མཐུན་འགྲིག་ཡི་གེ་བཟུང་སྟེ། ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དང་ལུའུ་ཆེ་གོ་མོ་གཉིས་ཀྱིས་རང་མོས་ཀྱིས་སྣོད་བཅུད་ཁོར་ཡུག་གུན་གསབ་གྲོན་དངུལ་སྒོར111492.60སྤྲད་པ་རེད།

དྲན་སྐུལ་དང་སློབ་སྟོན་ནུས་པ། 

དང་པོ། ནགས་ལས་ཐོན་ཁུངས་ནི་རྒྱལ་ཁབ་བམ་ཐུན་མོང་ལ་དབང་བས། སྣོད་བཅུད་ཁོར་ཡུག་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། ནགས་ཚལ་ཐོན་ཁུངས་ལ་གནོད་པ་གཏོང་བ་ནི་སྤྱི་ཕན་གཏུག་བཤེར་གྱི་ཁོངས་སུ་གཏོགས། གཉིས་པ། མ་རྩ་ཉུང་ངུས་གྱོང་གུན་གསབ་པའི་ལམ་ལུགས་ལ་བརྟེན་ནས་ནགས་ཚལ་ཐོན་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སླར་གསོ་གྲོན་དངུལ་གཏན་འབེབས་བྱེད་པ།

ངོ་སྤྲོད་ལྟར་ན། ཕྱིས་སུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་སྡེ་ཚན་གྱིས་གཉིས་ཕན་མང་ཐོབ་མཉམ་ཕན་གྱི་བསམ་བློ་སྔར་བས་ཇེ་བརྟན་དུ་བཏང་སྟེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱིས་དམངས་ཀྱི་འཚོ་ཚིས་ལ་འགན་སྲུང་དང་། ཁྲིམས་སྐྱོང་སྲིད་འཛིན་ལ་སྐུལ་སྤེལ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཅས་སུ་ཞབས་ཞུ་བྱེད་པའི་ཁྲོད་ནུས་པ་གང་ལེགས་བཏོན་འདོན་རྒྱུ་དང་། མཚོ་སྔོན་གྱི“སྣོད་བཅུད་ཁྱབ་ཁོངས་ཆེན་པོ་ལྔ”ཡི་བཀོད་པར་དམིགས་ཏེ། “ལྟེ་བ་གཉིས།སྲོག་ཤིང་གཅིག མཐོ་ས་གཉིས”ཀྱི་མངའ་ཁོངས་སྙོམས་སྒྲིག་གོང་སྤེལ་ལ་ཞབས་ཞུ་དང་། “སྤྱི་གཞུང་ཁེ་ཕན་གྱི་འཐུས་ཚབ”ཡག་པོ་བྱེད་པ་དང་། མི་དམངས་མང་ཚོགས་ལ“སྤྱི་ཕན་ཞིབ་དཔྱོད་ཐོན་རྫས”སྤུས་ལེགས་འདོན་སྤྲོད་བྱས་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག་སྒོས་མཚོ་སྔོན་ཞིབ་དཔྱོད་ལ་བློ་ཤུགས་ཇི་ནུས་འདོན་འཆར་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།