བློ་མཐུན་སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ན་གཞོན་གྱི་དུས་ནས་བཟུང་ལྗང་སྒྱུར་བྱ་བར་གདོང་མཆོང་པ་བྱ་དགོས།

— ——གུང་གཞོན་ན་ཆུང100ལ་བྱང་རི་ལྗང་སྒྱུར་བྱེད་པ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་སྟེ་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ། ལྔ་བཞིའི་ལས་འགུལ་བྱུང་ཏེ་ལོ་འཁོར100ལོན་པར་རྗེས་དྲན་ཞུ་ཆེད། རྒྱ་ཆེའི་ན་གཞོན་དག་གི“འདུ་ཤེས་བཞི”མཐོར་འདེགས་དང“ཡིད་རྟོན་བཞི”རྒྱུན་འཁྱོངས། “འགེབས་སྲུང་གཉིས”ལེགས་སྒྲུབ་བཅས་ཀྱི་སྒོ་ནས། རྒྱ་ཆེའི་ན་གཞོན་དག་གིས“ལྔ་བཞིའི་འཐབ་ཇུས”ལ་སྐུལ་འདེད་གཏིང་ཟབ་དུ་སྤེལ་ཅིང་། གུང་གཞོན་ཚོགས་པའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ལ་ཧུར་ཐག་གི་བྱེད་ནུས་ཐོན་པ་བཅས་ཀྱི་ཆེད། ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭ་དང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གཉིས་ཀྱི་གུང་གཞོན་འཐུས་ཚབ་མི་སྣ100ལྷག་གིས་བྱང་རིའི་རྒྱལ་ཡོངས་སྡོང་འཛུགས་ནགས་སྐྲུན་ཁུལ་དུ་གཟིགས་ཞིབ་བྱེད་པའི་དམིགས་གསལ་བརྗོད་དོན་བྱ་འགུལ་སྤེལ་ནས། གུང་གཞོན་མི་སྣ་ཡོད་ཚད་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོའི་ཁྲོད་ཞུགས་ནས་གུས་འདུད་བྱས་པ་མ་ཟད། བློ་མཐུན་སྐལ་བཟང་གི་སྙིང་སྟོབས་དར་སྤེལ་རྒྱུན་འཛིན་བྱེད་པའི་ནང་དོན་ཕུན་སུམ་ཚོགས་པ་ལ་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་གནས་བབ་ལེགས་པོའི་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་དང་གོ་བ་གཏིང་ཟབ་བླངས། ཞིང་ཆེན་ཏང་ཨུའི་གུང་གཞོན་ཧྲུའུ་ཅི་ཡེས་ཝན་པེན་དང་གསར་འགོད་པ། དེ་མིན་གྲོང་ཁྱེར་གྱི་མང་ཚོགས། འབྲེལ་ཡོད་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་སོགས་བྱ་འགུལ་དེར་ཟབ་ཞུགས་བྱས་ཡོད།

ཐེངས་འདིའི་དམིགས་གསལ་བརྗོད་དོན་བྱ་འགུལ་གྱིས་གུང་གཞོན་ན་གཞོན་དག་ལ་དམིགས་གསལ་རང་བཞིན་གྱི་ལྗང་མདོག་འཕེལ་རྒྱས་སུ་གཏོང་པའི་སྐོར་གྱི་སློབ་གསོའི་སློབ་ཁྲིད་གནང་པ་དང་། གུང་གཞོན་ན་གཞོན་དག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ཐོན་ཁུངས་ལ་གྲོན་ཆུང་བྱེད་པའི་འདུ་ཤེས་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་བཏང་ཡོད། ན་གཞོན་སློབ་བུ་དག་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་པ་རྒྱུན་འཁྱོངས་ཀྱིས་རང་གི་ཕ་ཡུལ་ལ་བྱས་རྗེས་འཇོག་པའི་ཡིད་ཆེས་བརྟན་པོ་དང་ཆོད་སེམས་འགྱུར་མེད་སྒོས། གུང་གཞོན་ན་གཞོན་དག་གིས་དུས་རབས་ལ་བཅངས་པའི་རེ་སྙེག་གཏན་ཁེལ་གསལ་པོ་བྱས་ཏེ། དུས་གཏན་དུ་དཔའ་སྤོབས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ལང་ཚོ་དང་ཤེས་རབ། སྟོབས་ཤུགས་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྒྲོམ་གཞི་ལ་ཚོན་མདོག་གི་འོད་སྣང་གསར་པ་ཞིག་བསྣན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།