《མཚོ་སྔོན་གྱི་མཐོན་མཐིང་སྲུང་བ》ཞེས་པའི་ཁོར་ཡུག་སྲུང་སྐྱོང་གྱེར་འདོན་སྙན་ངག་ཕྱོགས་བསྒྲིགས་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་བརྩམས་ཆོས་ནང་ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུས《2018ལོའི་ཕུལ་བྱུང་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་ཐོན་རྫས་དཔྱད་འདེམས་བྱས་འབྲས་ཡོངས་སྒྲོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས་ནས། སྤྱི་ཚོགས་ཡོངས་ལ2018ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་ཐོན་རྫས33(ཆ་ཚང)དངོས་སུ་ཡོངས་སྒྲོག་བྱས་པ།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་སློབ་གསོའི་ལྟེ་གནས་ཀྱིས་གསར་རྩོམ་བྱས་པའི་ཁོར་ཡུག་སྲུང་སྐྱོང་གྱེར་འདོན་སྙན་ངག་ཕྱོགས་བསྒྲིགས《མཚོ་སྔོན་གྱི་མཐོན་མཐིང་སྲུང་བ》ཞེས་པ་དེ་མིང་གྲལ་དུ་ཚུད་པ་དང་། དེ་ནི་ནུབ་བྱང་ས་ཁུལ་གྱི་བདམས་ཐོན་བྱུང་བའི་བརྩམས་ཆོས་ཁོ་ན་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱེད་པ། སྐྱེ་ཁམས་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ན་ནིང་ཟླ12པར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས2018ལོའི་ཕུལ་བྱུང་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་བརྩམས་ཆོས་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་བ་དང་། འཚོལ་བསྡུ་དང་། དཔྱད་འདེམས། ཡོངས་སྒྲོག་བཅས་ཀྱི་གོ་རིམ་ལ་བརྒྱུད་ནས་མཐར་དྲིལ་སྒྲོག་བརྩམས་ཆོས33འདེམས་ཐོན་བྱས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 《མཚོ་སྔོན་གྱི་མཐོན་མཐིང་སྲུང་བ》ཞེས་པ་དེ“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་ཁོར་ཡུག་སྲུང་སྐྱོང་གི་སྙན་ངག་གྱེར་འདོན་བསྡོམས་པའི20ལྷག་བདམས་པ་རེད། ཁོར་ཡུག་སྲུང་སྐྱོང་གི་སྙན་ངག་གྱེར་འདོན་བྱས་པ་བརྒྱུད་ནས་མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ནང་ཞུགས་ཡོད། སྙན་ངག་ཕྱོགས་བསྒྲིགས་དེ་རང་ཞིང་གི་སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན་བཅས་ཀྱི་གྱེར་འདོན་བྱེད་སྒོའི་ཁྲོད་གདེང་འཇོག་ལེགས་པོ་ཐོབ་ཡོད།

ལོ་ཙཱ་བ། གཡང་སྐྱིད།