ད་ལོའི་མཐོ་རྒྱུགས་ཀྱི་དུས་ཚོད་བཀོད་སྒྲིག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་ཡིས《2019ལོའི་མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ད་ལོའི་མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། སློབ་བསྡུའི་བྱ་བ་འདྲ་མཉམ་དྲང་བཞག་དང་ཚད་ལྡན་རིམ་ལྡན་སྒོས་སྤེལ་བར་བླང་བྱ་བཏོན་པ་རེད། 《བརྡ་སྦྱོར》ལས་ད་ལོའི་མཐོ་རྒྱུགས་དུས་ཚོད་གསལ་པོར་བསྟན་ཡོད་པ་གཤམ་གསལ་ལྟར།

2019ལོའི་མཐོ་རྒྱུགས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག

རྒྱ་ཡིག ཟླ6པའི་ཚེས7ཉིན་གྱི་དུས་ཚོད9:00ནས11:30བར།

རྩིས་རིག ཟླ6པའི་ཚེས7ཉིན་གྱི་དུས་ཚོད15:00ནས17:00བར།

རིག་ཚན་དང་རྩིས་ཚན་ཕྱོགས་བསྡུས། ཟླ6པའི་ཚེས8ཉིན་གྱི་དུས་ཚོད9:00ནས11:30བར།

དབྱིན་ཡིག ཟླ6པའི་ཚེས8ཉིན་གྱི་དུས་ཚོད15:00ནས17:00བར།

(དབྱིན་ཡིག་གི་ཉན་ནུས་རྒྱུགས་གཞི་ཡོད་ཚེ་དབྱིན་ཡིག་གི་ཡིག་རྒྱུགས་སྔོན་ལ་བཀོད་སྒྲིག་བྱ་དགོས)

ཞིང་ཆེན(ས་ཁུལ། གྲོང་ཁྱེར)སོ་སོའི་རྒྱུགས་གཞིའི་བསླབ་ཚན་གྱི་མིང་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞིའི་བསླབ་ཚན་གྱི་མིང་དང་གཅིག་འདྲ་ཡིན་ཚེ། ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞིའི་དུས་ཚོད་བཀོད་སྒྲིག་ལྟར་བཀོད་སྒྲིག་བྱ་དགོས།

► ཞིབ་ཕྲའི་རྒྱུགས་གཞིའི་བསླབ་ཚན་གྱི་དུས་ཚོད་བཀོད་སྒྲིག་གནས་ཚུལ་སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱིས་ཐོ་འགོད་སྙན་སེང་ཞུས་རྗེས་ཁྱབ་སྒྲོག་བྱ་རྒྱུ་རེད།

►ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་གཞི་དང་མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུའི་རྒྱུགས་ལེན་དུས་ཚོད། ཞིང་ཆེན་རིམ་པའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་དང་མཐོ་རིམ་སློབ་གྲྭ་སོ་སོས་སློབ་གསོ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར་གཏན་འབེབས་བྱས་རྗེས་ཁྱབ་སྒྲོག་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།