2018ལོའི་ལོ་གཅིག་གི་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་འགན་འཁྲིའི་ཕན་ནུས་དཔྱད་ཞིབ་ཀྱི་མཇུག་འབྲས་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4ཚེས18ཉིན། 2018ལོའི་ལོ་གཅིག་གི་ས་ཁུལ་སོ་སོའི་ལས་ཁུངས་དག་གི་དམིགས་འབེན་འགན་འཁྲིའི་ཕན་ནུས་དཔྱད་ཞིབ་མཇུག་འབྲས་དེ་ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་ཞིབ་བཤེར་གྲོས་མོལ་བྱས་པ་བརྒྱུད། ཞིང་ཆེན་ཏང་ཨུ་རྒྱུན་ཨུ་ལ་སྙན་ཞུ་ཞུས་ཏེ་གྲོས་ཚོགས་སྟེང་ཞིབ་བཤེར་གཏན་ཁེལ་བྱས་ཏེ་ཁྱབ་སྒྲོག་བྱས་པ་རེད། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ཕུལ་བྱུང་འགོ་ཁྲིད་ཚན་པ24བདམས་ཐོན་བྱུང་བ་དང་འགོ་ཁྲིད་ཚན་པ་ལེགས་པོ38 དཔྱད་ཞིབ་ཕུལ་བྱུང32 དཔྱད་ཞིབ་ལེགས་པོ79བཅས་ཡོད་པ་རེད།

2018ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་སྟེ། ཧུར་ཐག་སྒོས་གནས་བབ་གསར་བའི་འགྱུར་ལྡོག་ལ་བསྟུན་ཤེས་སྒོས་འཕེལ་རྒྱས་ཆེ་བའི་ཁོར་ཡུག་གི་བསྣོལ་མཚམས་རྙོག་འཛིང་ཅན་གྱི་འོག་དང་དཔལ་འབྱོར་འོག་གི་འཁུར་གདོས་ཆེས་ཆེར་བཏང་པའི་རྒྱབ་ལྗོངས་འོག་བློ་སེམས་ཀོང་བུ་གཅིག་སྒྲིལ་སྒོས་དཀའ་ཁག་གདོང་ལེན་དང་བྱ་བའི་ཐད་ལ་ནན་ཏན་བྱེད་པ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་སྒོས”སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་བྱས་ནས། མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་མཁའ་དབུགས་གསར་བ་ལ་སྐུལ་འདེད་ཀྱིས་གྲུབ་འབྲས་གསར་བ་བླངས་སྟེ། ལས་གཞི་སོ་སོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱུང་བ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམིགས་འབེན་འགན་འཁྲིའི་ཕན་ནུས་དཔྱད་ཞིབ་ཁྲོད་བདམས་ཐོན་བྱུང་བའི་ཕུལ་བྱུང་འགོ་ཁྲིད་དང་ཕན་ནུས་དཔྱད་ཞིབ་ཁྲོད་ཕུལ་བྱུང་ས་ཁུལ་དང་ལས་ཁུངས་སུ་བདམས་ཐོན་བྱུང་བ་དག་ལ་གཟེངས་བསྟོད་བྱ་དགའ་གནང་པ་རེད། གཟེངས་བསྟོད་ཐོབ་པའི་ལས་ཁུངས་དག་གིས་རང་གི་གཟི་བརྗིད་དེ་འགོ་འཛུགས་ས་གསར་བ་རུ་བཟུང་སྟེ་ང་རྒྱལ་དང་ཁེངས་སེམས་མེད་པའི་སྒོ་ནས་ད་རུང་མུ་མཐུད་དུ་གྲུབ་འབྲས་ལེགས་པོ་ལེན་པའི་རེ་བ་བཅངས་ཡོད་ལ། དེ་ཡང་ཕུལ་བྱུང་ཁ་གྲངས་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་གཟེངས་བསྟོད་མ་ཐོབ་པའི་ས་ཁུལ་དང་ལས་ཁུངས་དག་གིས་དཔྱད་ཞིབ་ཕུལ་བྱུང་མཁན་དག་མིག་དཔེ་རུ་བཟུང་ནས། དཀའ་ངལ་ཁྱད་གསོད་བྱས་ཏེ་འབད་བརྩོན་བྱ་དགོས་ཟེར། ས་ཁུལ་སོ་སོའི་ལས་ཁུངས་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས། ཆབ་སྲིད་ཀྱི་ལས་རྐང་མཐོར་འདེགས་དང་འགན་འཁྲི་དང་ལེན་ལ་ཤུགས་སྣོན་བྱེད་པ། “འདུ་ཤེས་བཞི”ཡིད་ལ་བརྟན་པོར་འཛིན་པ་དང”ཡིད་རྟོན་བཞི”རྒྱུན་འཁྱོངས་བྱེད་པ། “འགེབས་སྲུང་གཉིས”རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས”ལྔ་བཞིའི་འཐབ་ཇུས”གཏིང་ཟབ་དུ་ལག་བསྟར་བྱས་པ་བརྒྱུད”སྔོན་འགྲོ་གཅིག་དང་ཕུལ་བྱུང་གཉིས”ལ་སྐུལ་འདེད་སྒོས་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་བརྟན་པོ་བྲག་རི་བཞིན་ནུས་ཤུགས་གང་ཡོད་སྒོས2019ལོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱས་ཏེ། གྲུབ་འབྲས་ཕུལ་བྱུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་བསུ་མ་བྱ་དགོས་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།