མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་ལམ(དེ་སྔའིG109མཚོ་སྐོར་ལམ་དུམ)དང་དེའི་མཐའ་འཁོར་གྱི་གཞུང་ལམ་བཀག་སྡོམ་ཐད་ཀྱི་བརྡ་ཁྱབ།

མཚོ་སྔོན་པོའི་འགྲམ་རྒྱུད་དུ་རླངས་འཁོར་དང་ཡུལ་སྐོར་བ། གཞི་རྒྱ་ཆེ་བའི་རིག་རྩལ་བྱ་འགུལ་སྣ་ཚོགས། རྐང་འཁོར་ཡུལ་སྐོར་བ། རྐང་ཐང་ཡུལ་སྐོར་བ་བཅས་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་པོའི་མཐའ་འཁོར་རུ་དུས་ཡུན་རིང་པོ་དང་ཁྱབ་རྒྱ་ཆེ་བའི་སྒོ་ནས་ལམ་འགག་པ། རླངས་འཁོར་དོན་རྐྱེན་བྱུང་བ་བཅས་ལ་སྔོན་འགོག་དང་མཐའ་འཁོར་གྱི་མང་ཚོགས་དང་ཡུལ་སྐོར་བའི་རྒྱུ་ནོར་དང་ཚེ་སྲོག་གི་བདེ་འཇགས་བཅས་ལ་འགན་སྲུང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པ་གཞིར་བཟུང་སྟེ། མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་ལམ་(སྔོན་གྱི་G༡༠༩མཚོ་སྐོར་ལམ་དུམ)རིག་སྨོན་ནས་རྟ་ནག་མ། མཚོ་སྐོར་ཤར་ལམ་དང་ནུབ་ལམ། ཆབ་ཆ་ནས་ཅང་ཤེས་བར་གྱི་གཞུང་ལམ་བཅས་སུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན།

༡ བཀག་སྡོམ་དུས་ཡུན། ༢༠༡༩ལོའི་ཟླ༤བའི་ཚེས༢༨ཉིན་ནས་ཟླ༡༠བའི་ཚེས༡༠ཉིན།

༢ བཀག་སྡོམ་ལམ་ཐིག། མཚོ་སྔོན་པོའི་ཡུལ་སྐོར་ཆེད་ལམ(སྔོན་གྱི་G༡༠༩མཚོ་སྐོར་ལམ་དུམ)རིག་སྨོན་ནས་རྟ་ནག་མ། མཚོ་སྐོར་ཤར་ལམ། ནུབ་ལམ། ཆབ་ཆ་ནས་ཅང་ཤེས་བར་གྱི་གཞུང་ལམ།

༣ བཀག་སྡོམ་རླངས་འཁོར། ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། ལས་གྲྭའི་འཕྲུལ་ཆས་རླངས་འཁོར། ཞིང་ལས་འཕྲུལ་ཆས། གློག་སྒུལ་རླངས་འཁོར(རྐང་ཚབ་འཕྲུལ་འཁོར་སྣ་ཚོགས་འདུ)རོལ་རྩེད་དང་རྩལ་འགྲན་རང་བཞིན་གྱི་འཕྲུལ་འཁོར་སོགས།

༤ བཀག་སྡོམ་བྱ་ཐབས། བཀག་སྡོམ་དུས་ཡུན་ནང་དུ། གོང་གསལ་རུ་འདུ་བའི་འཁོར་ལོའི་རིགས། རིག་སྨོན་དང་ཆུ་ཆེན་ཟམ་ཁའི་ཁྲལ་བསྡུ་ས་ཚིགས་ནས་ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་ནས་བགྲོད་དགོས་བ་ལས་དོ་དམ་ལམ་ཐིག་སྟེང་བགྲོད་མི་ཆོག་པ་དེར་ཡང་དམིགས་བསལ་གྱི་དུས་ཡུན་འདིའི་ནང་། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་གློག་རྡུལ་བརྙན་མིག་སོགས་ཀྱི་སྒྲིག་ཆས་ལ་བརྟེན་ནས་ལྟ་རྟོག་གཟབ་ནན་བྱེད་རྒྱུ་ཡིན་ལ། སྣང་མེད་སྒོས་སྒྲིག་ལམ་འདི་ལ་ཕོག་ཐུག་བཟོ་མཁན་བྱུང་ཚེ། འབྲེལ་ཡོད་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་པས་ཆེད་དུ་བརྡ་ཁྱབ་འདི་སྤེལ་པ་ཡིན།

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག

༢༠༡༩ལོའི་ཟླ༤བའི་ཚེས༡༥ཉིན།