མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གཞུང་སྒྲུབ་ཁང་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། 2019ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་ལེགས་པོ་ཞིག་སྤེལ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཡོངས་ཁྱབ་སྒོས་དྲིལ་སྒྲོག་ཚད་གཞི་མཐོར་འདེགས་སུ་གཏོང་ཆེད། ཟླ4ཚེས15ཉིན། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཚོགས་གཞུང་སྒྲུབ་ཁང་གིས“རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ཉེན་ཁ་ཚབས་ཆེན་སྔོན་འགོག་བྱེད་པ། སྤྲོ་སྐྱིད་ལྡན་པའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ”བཅས་བརྗོད་དོན་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་པ་རེད།

ཐེངས་འདིའི་བྱ་འགུལ་གྱིས《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང《གསང་མྱུལ་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས།》 《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ་གཙོ་བོར་བཟུང་ཡོད། བྱ་འགུལ་སྤེལ་པའི་སྐབས་སུ་གཞུང་སྒྲུབ་ཁང་གི་དྲིལ་སྒྲོག་འཕྲེད་དར1དང་འགྲེམས་སྟོན་ཤོག་བྱང་མི་འདྲ་བ2 དྲིལ་སྒྲོག་ཡིག120ལྷག་མར་བཀྲམ་པ་རེད། དེ་དང་ཆབས་ཅིག་ཡོངས་ཁྱབ་རྒྱལ་ཁབ་བདེ་འཇགས་སློབ་གསོར་འབྲེལ་བ་ཡོད་པའི་ཤེས་བྱ་དག་གཞུང་སྒྲུབ་ཁང་གིས“མཚོ་ནུབ་དམངས་ཆེན”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་དང་ལས་ཁུངས་ཀྱིLEDབརྙན་ཡོལ་སོགས་དྲ་རྒྱའི་སྨྱན་བྱད་ལ་བརྟེན་ནས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་འབྲེལ་ཡོད་བརྙན་རིས་དང་ཡི་གེའི་ཀློག་འགྲེལ་སོགས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་དྲིལ་སྒྲོག་བྱས་ཡོད།

ཐེངས་འདིའི་དྲིལ་སྒྲོག་བརྒྱུད་ལས་ཁུངས་དག་གི་ལས་བྱེད་པ་དང་ལས་བཟོ་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་ལ་རྒྱུས་ལོན་བྱེད་པའི་ཚད་ཆེས་ཆེར་བཏང་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ལ་འགེབས་སྲུང་བྱེད་པའི་ཚད་མཐོར་འདེགས་སུ་བཏང་ཡོད། ལས་བྱེད་མང་ཚོགས་ཀྱི་འགན་འཁྲིའི་ཚོར་ཤེས་དང་འགན་འཁྲིའི་འདུ་ཤེས་མཐོར་འདེགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་མི་སེམས་སུ་ཟུག་པ་དང“རྒྱལ་ཁབ་བདེ་འཇགས་དེ་མི་རེ་རེ་ལ་འགན་འཁྲི་ཡོད་པའི”གནས་བབ་ལེགས་པོ་ཞིག་གསར་སྐྲུན་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།