ཙོང་ཆུའི་རིག་གནས་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་ཇུས་འགོད་ཐབས་ཇུས་ཀྱི་ཆེད་དོན་སྙན་ཞུའི་གྲོས་ཚོགས་དེ་པེ་ཅིན་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ4ཚེས14ཉིན་ཙོང་ཆུའི་རིག་གནས་དམངས་སྲོལ་བཤམས་སྟོན་ཁང་གི་འགྲེམས་སྟོན་ཇུས་འགོད་ཐབས་ཇུས་ཀྱི་ཆེད་དོན་སྙན་ཞུའི་གྲོས་ཚོགས་དེ་པེ་ཅིན་གྲོང་ཁྱེར་ནས་བསྡུས་པ་རེད། ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ཏེ་མ་ཅ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཁའེ་གཉིས་གྲོས་ཚོགས་ལ་ཞུགས་ཡོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རེན་གཞོན་པ་དང་མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉོ་ཁྲིན་ཡོན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས་པ་རེད།

མཚོ་ཤར་གྲོང་ཁྱེར་གྱི་ལོ་རྒྱུས་རྒྱུན་རིང་ཞིང་མི་རིགས་སྣ་མང་དང་རིག་གནས་ཀྱི་འདུས་ཚད་སྟུག་དྲག་པས་ཙོང་ཆུའི་ཞིང་ལས་རིག་གནས་ཀྱི་འབྱུང་ཁུངས་ཡང་ཡིན། ཙོང་ཆུའི་རིག་གནས་ཀྱི་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་འཆར་འགོད་ནི་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ལག་བསྟར་བྱས་པའི་རིག་གནས་ཡུལ་སྐོར་མཉམ་བསྲེས་འཐབ་ཇུས་ཐད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ལས་གཞི་དེ2018ལོར་ལས་སྐྲུན་བྱེད་འགོ་བརྩམས་ཤིང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི2.1དང་འགྲེམས་སྟོན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི1 འགྲེམས་སྟོན་ཚོམས་ཆེན་མི་འདྲ་བ10ཡིས་གྲུབ་ཡོད། འགྲེམས་སྟོན་ཐབས་ཇུས་དང་འཆར་འགོད་ཐབས་ཇུས་ཆབས་ཅིག་ཏུ་སྤེལ་བཞིན་ཡོད་པས། ད་ལྟ་རིག་དངོས་འགྲེམས་སྟོན་གྱི་ཇུས་གཞི་དེ་ཕལ་ཆེར་ཡོངས་འགྲུབ་བྱུང་ཡོད།

སྙན་ཞུའི་གྲོས་ཚོགས་སྟེང་ཆེད་མཁས་མི་སྣ་དང་ཤེས་ལྡན་མི་སྣ་དག་གིས་བསྟན་དོན། ཙོང་ཆུའི་ས་ཁུལ་ནི་མི་རིགས་རིག་གནས་སྣ་མང་ཅན་གྱི་ཐུན་མོང་ཚོགས་སྤྱི་ཤིག་སྟེ། དཀྱིལ་ཡངས་རང་བཞིན་གྱི་ས་གཞི་ཆེན་པོ་ཞིག་ཀྱང་ཡིན། ཙོང་ཆུའི་རིག་གནས་དམངས་སྲོལ་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་པ་ནི་ལོ་རྒྱུས་དང་དུས་རབས་འཕེལ་རྒྱས་ཀྱི་དགོས་ངེས་ཐོན་རྫས་ཤིག་ཡིན་ལ། ཙོང་ཆུའི་ལོ་རྒྱུས་དང་མཚོ་སྔོན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། དེའི་མི་ཚད་རིག་གནས་ཀྱི་མཁོ་སྤྲོད་ཕན་འབྲས་ཡང་མཐོར་འདེགས་སུ་བཏང་ཡོད་པས། ངེས་པར་དུ་དངོས་མང་བཤམས་སྟོན་ཁང་གི་གཏམ་རྒྱུད། མཚོ་ཤར་གྲོང་ཁྱེར་གྱི་གཏམ་རྒྱུད། ཙོང་ཆུའི་འགྲམ་རྒྱུད་ཀྱི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་བཅས་ལེགས་པོར་འཆད་དགོས། དེ་མིན་ཙོང་ཆུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་དག་སྒྲིག འགྲེམས་སྟོན་བཅས་ཀྱིས་བྱ་དངོས་ངོ་མ་བསྡུ་རུབ་བྱེད་པའི་ཁྱབ་ཁོངས་དེ་ཞིང་ཆེན་ཧྲིལ་བོ་ནས་རྒྱལ་ཡོངས་ལ་ཁྱབ་པར་བྱས་ཡོད། ཞིང་ལས་རིག་གནས་ཀྱི་ལོ་རྒྱུས་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ་ཚོན་ལྡན་རིག་གནས་དང་དམངས་སྲོལ་རིག་གནས་ཚུར་སྣང་གིས་ཁོང་དུ་ཆུད་པའི་གཏན་ཁེལ་ཚད་གཞི་གོམ་གང་མདུན་སྤོས་ཀྱིས་ཙོང་ཆུའི་རིག་གནས་ཀྱི་ཚུགས་ཐུབ་རང་བཞིན་དང་ཉག་གཅིག་རང་བཞིན་མངོན་པར་བྱས་ཏེ་རིག་དངོས་འགྲེམས་སྟོན་དང་ཐོན་ལས་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་ཀྱིས་རིག་དངོས་བཤམས་སྟོན་ཐོན་ལས་དེ་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཡུལ་སྐོར་འཐབ་ཇུས་ལ་ཟུང་འབྲེལ་བྱས་ཡོད་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།