མི་སྒེར་གྱིས་སྨན་བཅོས་ཁང་ནས་སྨན་བཅོས་བྱས་ཏེ་དོན་རྐྱེན་བྱུང་ཚེ་སྨན་བཅོས་ལས་འཛོལ་ལ་བརྩི་འམ།

མི་སྒེར་གྱིས་སྨན་བཅོས་ཁང་ནས་སྨན་བཅོས་བྱས་ཏེ་དོན་རྐྱེན་བྱུང་ཚེ་སྨན་བཅོས་ལས་འཛོལ་ལ་བརྩི་འམ། 

རང་རྒྱལ་གྱི《སྨན་བཅོས་ལས་འཛོལ་ཐག་གཅོད་སྲོལ་ཡིག》ལས་གཏན་ཁེལ་བྱས་པ་ལྟར་ན། སྨན་བཅོས་ལས་འཛོལ་གྱི་གྲུབ་ཆ་གཙོ་བོ་ནི་སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣ་ཡིན་ལ། མི་སྒེར་གྱི་སྨན་བཅོས་ཁང་ལ་ལས་གཉེར་བྱེད་ཆོག་པའི་དཔང་ཡིག་མེད་ན་སྨན་བཅོས་ལས་ཁུངས་ཀྱི་ཁོངས་སུ་མི་གཏོགས་པས་སྨན་བཅོས་ལས་འཛོལ་ལ་མི་བརྩི་བ་ཡིན།

སྨན་ཁང་གིས་གཞན་ལ་ཁང་པ་གླས་ཏེ་སྨན་བཅོས་བྱེད་དུ་བཅུག་ནས་དོན་རྐྱེན་བྱུང་ཚེ་སུས་འགན་འཁུར་དགོས།

རང་རྒྱལ་གྱི《སྨན་བཅོས་ལས་འཛོལ་ཐག་གཅོད་སྲོལ་ཡིག》ལས་གཏན་ཁེལ་བྱས་པ་ལྟར་ན། སྨན་བཅོས་སྒྲིག་གཞི་གཟུག་པར་ངེས་པར་གཞུང་སར་ཐོ་འགོད་དགོས་པ་དང་ལས་གཉེར་བྱེད་ཆོག་པའི་དཔང་ཡིག་ལེན་དགོས། སྨན་ཁང་གིས་ཁང་པ་གླས་ཏེ་གཞན་ལ་སྨན་བཅོས་བྱེད་དུ་བཅུག་ན། ནད་པས་སྒོ་བསྟེན་ཁང་དང་སྨན་ཁང་བར་གྱི་འབྲེལ་བ་ཤེས་ཐབས་མེད་པས་སྨན་ཁང་གིས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

སྨན་བཅོས་དོན་རྐྱེན་དང་སྨནན་བཅོས་ལས་འཛོལ་ལ་ཁྱད་པར་ཡོད་དམ།

སྨན་བཅོས་དོན་རྐྱེན་ནི་སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣས་སྨན་བཅོས་ཀྱི་གོ་རིམ་ཁྲོད་དུ། སྨན་བཅོས་འཕྲོད་བསྟེན་དོ་དམ་གྱི་བཅའ་ཁྲིམས་དང་སྲིད་སྐྱོང་གི་ཚད་གཞི་དང་། རྒྱུན་སྲོལ་བཅས་ལ་འགལ་ཏེ་ལས་འཛོལ་གྱིས་ནད་པའི་མི་ལུས་ལ་གནོད་སྐྱོན་བཟོས་པའི་དོན་རྐྱེན་ལ་ཟེར། འོན་ཀྱང་སྨན་བཅོས་ཀྱི་ལས་འཛོལ་ནི་ནད་པའི་གཟུགས་གཞི་དམིགས་བསལ་ཅན་ནམ་ཡང་ན་རྒྱུན་ལྡན་མིན་པའི་ནད་རྟགས་ཀྱིས་སྔོན་དཔག་དཀའ་བ་དང་བག་ཟོན་ལ་འབྲས་བུ་མི་ལེགས་པ་བྱུང་བར་ཟེར།

སྨན་ཁང་གིས་ནད་པ་ཚབས་ཆེན་ལ་སྨན་བཅོས་མ་བྱས་ན་ཆོག་གམ།

རང་རྒྱལ་གྱི《སྨན་བཅོས་ལས་འཛོལ་ཐག་གཅོད་སྲོལ་ཡིག》དང་《སྨན་བཅོས་སྒྲིག་གཞི་དོ་དམ་ཁྲིམས་སྲོལ》བཅས་ལས་ནད་པར་སྨན་བཅོས་བྱ་དགོས་པའི་འོས་འགན་གཏན་ཁེལ་བྱས་ཡོད་པས། སྨན་ཁང་གིས་ནད་ལྕི་མོ་ཕོག་པའི་ནད་པར་མྱུར་སྐྱོབ་དང་སྨན་བཅོས་མ་བྱས་ན་མི་ཆོག  

སྨན་ཁང་གིས་ནད་པར་གནས་སྤོ་སྨན་བཅོས་བྱེད་དུ་མ་བཅུག་པར་གནོད་འཚེ་ཕོག་པ་ལ་སྐྱིན་ཚབ་སྤྲོད་དགོས་སམ།

སྨན་ཁང་་གིས་གནས་སྤོ་སྨན་བཅོས་བྱེད་དུ་མ་བཅུག་པར་ནད་པར་གནོད་འཚེ་ཕོག་པ་སྨན་བཅོས་ཀྱི་དོན་རྐྱེན་བྱུང་ན། སྐྱིན་ཚབ་གཞལ་བའི་འོས་འགན་འཁུར་དགོས།