2019ལོའི་མཚོ་སྔོན་ཞིང་ཆེན་ཐད་གཏོགས་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ལས་བསྡུའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། 《2019ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་སྤྱིའི་ཇུས་གཞི》གཞིར་བཟུང་སྟེ། ད་ལོའི་ཞིང་ཆེན་ཐད་གཏོགས་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ལས་བསྡུའི་བརྡ་སྦྱོར་སྤྱི་བསྒྲགས་བྱས་ཏེ། བསྡོམས་པའི་ལས་གནས615ཡོད་པ་རེད། བརྡ་སྦྱོར་གྱི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ལས་བསྡུའི་ཁྱབ་ཁོངས།

ཐེངས་འདིའི་ལས་བསྡུའི་ཁྱབ་ཁོངས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཡོད་པ་རེད།

གཉིས། ལས་བསྡུ་བྱེད་སྟངས།

ཐེངས་འདིའི་ལས་བསྡུ་ལ“དཔྱད་ཞིབ་ལས་བསྡུ”དང“རྒྱུགས་ལེན་ལས་བསྡུའི”བྱེད་སྟངས་གཉིས་སྤྱད་ནས་ལས་བསྡུ་བྱ་རྒྱུ་རེད། (考核聘用和考试聘用)

གསུམ། ལས་བསྡུའི་གོ་རིམ།

“རྒྱུགས་ལེན་ལས་བསྡུའི”གོ་རིམ་ནི་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་དཔྱད་ཞིབ། ཡིག་རྒྱུགས ཡུལ་དངོས་ཐོབ་ཐང་དཔྱད་ཞིབ། ཁ་རྒྱུགས། ལས་ཕུང་བརྟག་དཔྱད། དཔྱད་ཞིབ། སྤྱི་བསྒྲགས། ལས་བསྡུའི་འགྲོ་ལུགས་སྒྲུབ་པ་སོགས་གོ་རིམ་ལྟར་ལས་བསྡུའི་བྱ་བ་སྒྲུབ་རྒྱུ་རེད།

“དཔྱད་ཞིབ་ལས་བསྡུའི”གོ་རིམ་ནི་བཀོལ་མི་ལས་ཁུངས་དང་གཙོ་གཉེར་སྡེ་ཁག་གཞན་པས་སྒྲིག་བཟོ་གཏན་འབེབས་བྱས་པའི་ཞིབ་ཕྲའི་ལས་བསྡུའི་ཇུས་གཞི་ལྟར་ལག་བསྟར་བྱ་རྒྱུ་རེད།

བཞི། མིང་ཐོ་འགོད་པའི་དུས་ཚོད།

2019ལོའི་ཟླ4པའི་ཚེས15ཉིན་གྱི་དུས་ཚོད9ནས་ཟླ4པའི་ཚེས21ཉིན་གྱི་དུས་ཚོད18བར།

ལྔ། གྲོན་དངུལ་སྤྲོད་པའི་དུས་ཚོད།

2019ལོའི་ཟླ4པའི་ཚེས15ཉིན་གྱི་དུས་ཚོད9ནས་ཟླ4པའི་ཚེས24ཉིན་གྱི་དུས་ཚོད24བར།

དྲུག བློ་འདྲི་བྱ་ཡུལ།

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། 12333

ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས། 0971-8258587

ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ། 0971-8482613(干部一处)

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། 0971-8258130(事业单位人事管理处)

རྒྱུགས་ཞུགས་པ་དག་གིས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)བརྒྱུད་ནས་ཞིབ་ཏུ་རྒྱུས་ལོན་བྱ་རོགས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ།

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།

2019ལོའི་ཟླ4པའི་ཚེས12ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།