མཚོ་ནུབ་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་ངན་འཇོམས་དྲིལ་སྒྲོག་བྱེད་སྒོ་དངོས་སུ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། “ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད། ཤེས་ཡོད། བརྙན་འཕྲིན་ནང་དང་ཚགས་པར་སྟེང་རྒྱུན་དུ་འཆར་བ་དང་འཆད་བཞིན་ཡོད”ཅེས་མི་དམངས་མང་ཚོགས་ཀྱིས་ནག་སེལ་ངན་འཇོམས་དྲིལ་སྒྲོག་འགྲེམས་བྱང་མདུན་དུ་དཔྱད་སྡུར་བྱེད་བཞིན་ཡོད། ཟླ4པའི་ཚེས12ཉིན། མཚོ་ནུབ་ཁུལ་ཞིབ་དྤྱོད་ཁང་གིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་ལ་མཉམ་འབྲེལ་བྱས་ཏེ། གཏེར་ལེན་ཁ་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་བཅའ་ཁྲིམས་འདྲི་རྟོག་སྟེགས་བུ་དང་དྲིལ་སྒྲོག་འཕྲེད་བྱང་བཀལ་ཏེ་རྒྱ་ཆེའི་མང་ཚོགས་དག་ལ“ནག་སེལ་ངན་འཇོམས”ཀྱི་བཅའ་ཁྲིམས་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་ཤོག་བྱང་སོགས་འགྲེམས་བཞིན་ཡོད། ཞིབ་དཔྱོད་མ་ལག་བྱ་བའི་མི་སྣ་དག་གིས་མི་དམངས་མང་ཚོགས་ལ་གནས་ཚུལ་གང་དག་ནི་ནག་ཚོགས་ཀྱི་སྟོབས་ཤུགས་སུ་གཏོགས་པ་དྲིལ་སྒྲོག་བྱས་ཏེ། མི་དམངས་མང་ཚོགས་ལ་ཡོངས་ཁྱབ་སྒོས་ནག་སེལ་ངན་འཇོམས་ཀྱི་བབ་བསྟུན་རྒྱུན་ཤེས་ཡོངས་ཁྱབ་སྒོས་ངོ་སྤྲོད་བྱས་ཤིང་། ཁོ་ཚོར་ཁྲིམས་འགལ་དོགས་ཡོད་ཉེས་ཅན་གྱི་ཁུངས་སྣེ་ཞུ་གཏུག་བྱེད་སའི་ཁ་པར་ཨང་གྲངས་སོགས་བཤད་དེ། མི་དམངས་མང་ཚོགས་ཀྱིས་ནག་ཚོགས་ཀྱི་སྟོབས་ཤུགས་སམ་ཁྲིམས་འགལ་ནག་ཉེས་ཀྱི་ཁུངས་སྣེ་གཏུག་གཤེར་བྱེད་པའི་འབོད་སྐད་བཏང་སྟེ། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཤིག་གསར་སྐྲུན་བྱས་ཡོད།

“གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་སྟེ། མཚོ་ནུབ་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཟླ4པའི་ཚེས8ནས་ཚེས12ཉིན་བར་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་པ་རེད། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་རིམ་པ་མི་འདྲ་བ་གཉིས་ཀྱིས་དོན་དངོས་ཟུང་འབྲེལ་སྒོས་མང་ཚོགས་དག་གིས་ཉན་པར་སྤྲོ་ལ་མཐོང་འདོད་པའི་རྣམ་པ་ལ་བརྟེན་ནས་ནག་སེལ་ངན་འཇོམས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་། ཚད་ངེས་ཅན་གྱི་སྒོ་ནས་དྲིལ་སྒྲོག་གི་ཚད་ཁྱོན་ཡོངས་ལ་ཁེབས་པ་དང་སྟོབས་ཤུགས་ལེགས་པོ་ཕྱིར་འདོན་གང་ལེགས་བྱས་ཡོད”ཞེས་མཚོ་ནུབ་ཁུལ་ཞིབ་དཔྱོད་ཁང་གི་གཞུང་གཏུག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝུའུ་ཅིན་དབྱང་གིས་གསར་འགོད་པ་ལ་བཤད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།