གཤིན་སའི་ཁྲོད་ཀྱི་བརྩོན་སེམས་ཆེ་བའི་གླུ་སྐད། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བརྙན་རིས་བསྡུས་བཀོད།

སྲིད་ཇུས་དྲིལ་སྒྲོག་ལས་བྱེད་མི་སྣ་ཡེའུ་སན་ཡོན་དང་ཀྲང་ཧྲིན་ཀོས་གཉིས་ཀྱིས་ཙོང་ཁ་རྫོང་ཐུའུ་མོན་ཀོང་ཤང་པེ་ཀི་སྡེ་བའི་སྡེ་མི་དག་གི་ཁྱིམ་དུ་སྲིད་ཇུས་སྒྲོག་སྦྱོང་བྱེད་བཞིན་པ།

འབྲོག་པ་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་དྲིལ་སྒྲོག་ལག་དེབ་ཀློག་བཞིན་པ།

དམར་གཙང་ཧའེ་རིགས་རང་སྐྱོང་རྫོང་གི་ཞིང་ཕྱུགས་ཅུའུ་ཡི་ཐོན་ལས་ར་བའི་སྒྱུ་རྩལ་པ་ཡའོ་ཞའེ་ཧོང་གིས་ཀུ་ཤུའི་སྡོང་རའི་ནང་སྡེ་མི་དག་ལ་ལག་རྩལ་མཛུབ་སྟོན་བྱེད་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ཁྲི་ཀ་རྫོང་ཀ་རིང་ཤང་ཚེ་མགུ་མཁར་ཐོག་སྡེ་བའི་སྡེ་མི་དག་ལ་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་སྤེལ་པ།

རྨ་ཆེན་རྫོང་རྟ་བོ་ཤང་གི་མང་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཐད་ལ་ནན་ཏན་སྒོས་ཟིན་བྲིས་འབྲི་བཞིན་པ།

གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་དག་གིས་དམར་གཙང་རྫོང་ལུང་ཀྲི་ཤང་པེ་ཝུའུ་སྡེ་བ་རུ་ཀྲུང་དབྱང་གི་ཡིག་ཆ་དང་པོ་སྒྲོག་སྦྱོང་བྱེད་བཞིན་པ།

དབུས་ལམ་རྫོང་ཞི་ལེ་ཀུའུ་གྲོང་རྡལ་ཏུང་ཀྲོང་སྡེ་བའི་སྡེ་སྡོད་ལས་བྱེད་པ་པེ་ཧའེ་ཡོན་གྱིས་ཁྱིམ་ཚང་རེ་རེ་མྱུལ་བཞིན་སྲིད་ཇུས་སྒྲོག་སྦྱོང་བྱེད་བཞིན་པ།

རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིན་གྲོང་རྡལ་ཀྲུང་ཙེ་ཧྲན་སྡེ་བའི་སྡེ་མི་དག་གིས་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་ཁྲིན་ལ་རོགས་བྱས་ཏེ་དྲིལ་སྒྲོག་འགྲེམས་བྱང་འབྲི་བཞིན་པ།

རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་འཇུ་ལག་གྲོང་རྡལ་དེའུ་འབུར་སྡེ་བ་རུ“འཆད་པ་གཅིག་དང་སྒྲུབ་པ་གཉིས། སྐུལ་འདེད་གསུམ”གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།

རྩེ་ཁོག་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་འབྲོག་ཁུལ་ཐོན་སྐྱེད་འཚོ་བའི་ཐད་ལ་འབྲེལ་བ་ཡོད་པའི་སྲིད་ཇུས་ལ་དཔྱད་སྡུར་བྱེད་བཞིན་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།