བརྡ་སྦྱོར།

མང་ཚོགས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་སྐྲུན་ཆེད། 2019ལོའི་ཟླ4བའི་ཚེས10ཉིན་ནས་བཟུང་། ཐེམ་ཆེན་རྫོང་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་ཉིན་གཅིག་ལ་མེ་འཁོར་ཐེངས་གཉིས་འདུག་རྒྱུ་བྱས་ཡོད་པ་མ་ཟད། རྫོང་ཐོག་ནས་མེ་འཁོར་འབབ་ཚུགས་སུ་སྤྱི་སྤྱོད་རླངས་འཁོར་ཡང་དུས་ལྟར་རྒྱུགས་ཀྱིན་ཡོད་པས ། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ལ་འདུག་པའི་དུས་ཚོད་གཤམ་ལྟར།

གཅིག མེ་འཁོར་འབབ་ཚུགས་སུ་ནམ་ཐོན་པ་དང་ས་གནས་སོ་སོར་གཏོང་བའི་དུས་ཚོད།

༡ ཟི་ལིང་ནས་ན་གོར་མོ་འགྲོ་བའི་མེ་འཁོར་ཨང་རྟགས7581དང7582གཉིས་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་འདུག ཨང་རྟགས7581ཟི་ལིང་ནས་སྔ་དྲོའི་དུས་ཚོད7དང་སྐར་མ50སྟེང་གཏོང་བཞིན་ཡོད་ལ། དུས་ཚོད11དང་སྐར་མ16སྟེང་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་ཐོན། དུས་ཚོད11དང་སྐར་མ18སྟེང་ལམ་ལ་ཆས་ཏེ་གཏེར་ལེན་ཁར་ཐོན་དུས་ཉིན་གུང་གི་དུས་ཚོད13དང་སྐར་མ36ཡིན། ཨང་རྟགས7582ན་གོར་མོ་ནས་སྔ་དྲོའི་དུས་ཚོད8དང་སྐར་མ05ཡི་སྟེང་གཏོང་བཞིན་ཡོད་ལ། དུས་ཚོད11དང་སྐར་མ58སྟེང་གཏེར་ལེན་ཁར་ཐོན། དེ་ནས་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་ཐོན་དུས་ཕྱི་དྲོའི་དུས་ཚོད14དང་སྐར་མ27ཡིན།དུས་ཚོད14དང་སྐར་མ29སྟེང་ལམ་ལ་ཆས་ཏེ་ཟི་ལིང་དུ་ཐོན་དུས་དགོང་མོའི་དུས་ཚོད18དང་སྐར་མ14ཡིན།

༢ ཟི་ལིང་ནས་གཏེར་ལེན་ཁ་འགྲོ་བའི་མེ་འཁོར་ཨང་རྟགསK6877དངK6878གཉིས2019ལོའི་ཟླ4བའི10ཉིན་ནས་བཟུང་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་འདུག་མགོ་བརྩམས་ལ། ཨང་རྟགསK6877ཟི་ལིང་ནས་ཉིན་གུང་གི་དུས་ཚོད13དང་སྐར་མ05ཡི་སྟེང་གཏོང་བཞིན་ཡོད་ལ། དུས་ཚོད15དང་སྐར་མ42ཡི་སྟེང་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་ཐོན། དུས་ཚོད15དང་སྐར་མ44ཡི་སྟེང་ལམ་ལ་ཆས་ཏེ་གཏེར་ལེན་ཁར་ཐོན་དུས་ཕྱི་དྲོའི་དུས་ཚོད17དང་སྐར་མ36ཡིན། ཨང་རྟགསK6878དུས་ཚོད18དང་སྐར་མ18སྟེང་གཏེར་ལེན་ཁ་ནས་གཏོང་བཞིན་ཡོད་ལ།་དེ་ནས་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་ཐོན་དུས་དགོང་མོའི་དུས་ཚོད20དང་སྐར་མ16ཡིན།དུས་ཚོད20དང་སྐར་མ18སྟེང་ལམ་ལ་ཆས་ཏེ་ཟི་ལིང་དུ་ཐོན་དུས་དགོང་མོའི་དུས་ཚོད22དང་སྐར་མ58ཡིན།

གཉིས། སྤྱི་སྤྱོད་རླངས་འཁོར་ཚོད་ལྟ་བྱས་ཏེ་གཏོང་བཞིན་པའི་དུས་ཚོད།

རྫོང་ཐོག་ནས་ཐེམ་འཕོངས་མེ་འཁོར་འབབ་ཚུགས་སུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར2019ལོའི་ཟླ4བའི10ཉིན་ནས་བཟུང་རྫོང་མགྲོན་སྐྱེལ་ས་ཚུགས་ནས་དངོས་སུ་གཏོང་མགོ་བརྩམས།

༡ ཟི་ལིང་ནས་གཏེར་ལེན་ཁ་འགྲོ་བའི་མེ་འཁོར་ཨང་རྟགསK6877ཡི་འགྲུལ་བ་སྐྱེལ་ལེན་བྱེད་པའི་སྤྱི་སྤྱོད་རླངས་འཁོར་དུས་ཚོད14དང་སྐར་མ50སྟེང་གཏོང་བཞིན་ཡོད།

༢ གཏེར་ལེན་ཁ་ནས་ཟི་ལིང་ལ་འགྲོ་བའི་མེ་འཁོར་ཨང་རྟགསK6878ཡི་འགྲུལ་བ་སྐྱེལ་ལེན་བྱེད་པའི་སྤྱི་སྤྱོད་རླངས་འཁོར་དུས་ཚོད19དང་སྐར་མ25སྟེང་གཏོང་བཞིན་ཡོད།

༣ སྤྱི་སྤྱོད་རླངས་འཁོར་ཚོད་ལྟ་བྱས་ཏེ་གཏོང་བཞིན་པའི་སྐབས་ཀྱི་སྤ་སེ་རིན་གོང་གནས་སྐབས་སུ་མི་རེ་སྒོར6ལེན་རྒྱུ་བྱས་ཡོད་ལ། ཉོ་དུས་སྒོར་ཤག་བྱས་ཏེ་སྒམ་ནང་དུ་འཕེན་དགོས།

གསུམ། གཞན་དག

༡ བར་སྐབས་འདིར་མེ་འཁོར་ལ་འདུག་པའི་མགྲོན་པོ་ཚོ་མེ་འཁོར་ནང་དུ་བུད་རྗེས་སྤ་སེ་ཉོ་དགོས།(སྤ་སེ་ཉོ་བའི་མ་ལག་སྙོམ་སྒྲིག་ཚོད་ལྟ་བྱས་ཏེ་དངོས་སུ་ལེགས་འགྲུབ་བྱུང་རྗེས།རྫོང་མགྲོན་སྐྱེལ་ས་ཚུགས་ནས་ཉོས་ཆོག)

༢ སྤྱི་སྤྱོད་རླངས་འཁོར་ལ་འདུག་པའི་མགྲོན་པོ་ཚོས་རྫོང་མགྲོན་སྐྱེལ་ས་ཚུགས་ནས་བདེ་འཇགས་ཞིབ་བཤེར་བྱེད་དགོས་ལ། སྤྱི་སྤྱོད་རླངས་འཁོར་ལམ་ལ་ཆས་ཏེ་འགྲོ་བཞིན་པའི་སྐབས་སུ་རླངས་འཁོར་ལས་མར་འབབ་པ་འམ་ཡར་ཡོང་བའི་གནས་ཚུལ་ཡོད་མི་ཆོག

༣ ཡར་མར་ལ་འགྲོ་བའི་མགྲོན་པོ་ཚོས་འབར་སླ་བའམ་འགད་སླ་བ།རུལ་བཟོས་དངོས་པོ། དུག་རྫས། འགྱེད་འཕྲོའི་དངོས་པོ་སོགས་ཉེན་ཁ་ཆེ་བའི་རིགས་དང་བཀག་སྡོམ་བྱས་ཡོད་པའི་ལག་ཆ་མི་འཛིན་པའམ་མི་སྐུར་རྒྱུ་མཁྱེན།

སྤྱི་ལོ2019ལོའི་ཟླ4བའི་ཚེས11ཉིན།

ཡིག་བསྒྱུར་བ། གཅོད་པ་ཐར ། བཀྲ་ཤིས་རྒྱལ།