ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་བྱེད་སྐབས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་ལས་བྱེད་ལས་བཟོར་གཟིགས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་། བསམ་གཞིགས་ལག་ལེན། གོ་རྟོགས་སད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམ་པོར་དམིགས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབས་པ་བཅས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་ཆེད་བྱས་རྗེས་སྔར་ལས་ལྷག་པ་འཇོག་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཡུས་པོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲེང་། ཏུའུ་ཅེ། ཀྲང་ཝུན་ཁུའེ། མ་ཧའེ་ཡིན། ཏུའུ་ཏེ་ཀྲིདང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སྲིད་གྲོས་ལ་རྒྱུས་ལོན་བྱེད་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པའི”རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “ཡུལ་དངོས་བཞི”ཡི་འགན་འཁྲི་གནས་གཏན་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་པ། ད་ལྟ་སྒྲུབ་བཞིན་པའི་བྱ་བ་དཀྱིལ་སྙིང་དུ་འཛིན་པ། “སློབ་སྦྱོང་ལ་བརྩི་མཐོང་དང་ཤུགས་སྣོན་པ། གསར་གཏོད་ལ་བརྩི་མཐོང་བྱེད་པ་དང་གསར་གཏོད་བྱེད་ཕོད་པ། མཐུན་སྒྲིལ་ལ་བརྩི་མཐོང་དང་མཐུན་སྒྲིལ་དམ་ཟབ་ཏུ་གཏོང་བའི”དུས་རབས་གསར་པའི་སྲིད་གྲོས་བྱ་བའི་དབྱངས་རྟ་གཙོ་བོ་མཐོ་རུ་བཏེགས་ནས། ལས་གཉེར་ལས་སྐྲུན་གྱི་སྣང་ཚུལ་གསར་པ་བསྐྲུན་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་ཡིན་པ་དང་། གཙོ་བོར་ཏང་གི་རེ་བ་ལྟར་རང་སྟེང་དོ་དམ་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་ཚན་ཁག་གིས་བཏིངས་པའི་རྨང་གཞི་བརྟན་པོའི་སྟེང་། གོང་འོག་སྔ་སྐྱོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱེད་རྒྱུ་དེ་ཡིན། བྱ་བའི་གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན། རྒྱུན་འཛིན་རང་བཞིན་རྒྱུན་འཁྱོངས་བྱས་ནས། གསར་སྐྲུན་རང་བཞིན་མཐོར་འདེགས་གཏང་དགོས་ལ། སློབ་སྦྱོང་ལ་དོ་སྣང་བྱས་ཏེ། ཆབ་སྲིད་བརྟན་པོ་དང་ནུས་པ་བཟང་བོ་སྐྱེད་སྲིང་བྱེད་པ། སྐད་ཆ་བཤད་ན་གནད་དུ་ཁེལ་བ་དང སློབ་སྦྱོང་དང་ལག་ལེན། རྒྱུས་ལོན་བཅས་བརྒྱུད་དེ་སྲིད་གྲོས་ཀྱི་སྟེགས་བུའི་སྟེང་མཚོ་སྔོན་གྱི་གཏམ་རྒྱུད་བཤད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་བྱེད་ཐབས་སུ་བྱས་ནས། ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ། སློབ་སྦྱོང་དང་གསར་སྐྲུན། མཐུན་སྒྲིལ་གཙོར་བཟུང་ནས་སྲིད་གྲོས་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་པ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ་དང་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་པོར་བསྒྲུབ་པ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”གཙོ་གནད་དུ་བྱས་ཏེ། བརྟག་བཤེར་ཞིབ་འཇུག་དང་ཟླ་གཉིས་གྲོས་མོལ། གྲོས་གཞི་བསྒྲུབ་པར་ལྟ་སྐུལ་བྱེད་པའི་བྱ་བ་བསྒྲུབ་སྟེ། “ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི”བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། ལས་ཁུངས་བཟང་པོ་འཛུགས་སྐྲུན་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གཟི་བརྗིད་བརྩོན་ལེན་བྱ་དགོས་པའི་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་སྔར་བཞིན་དུ་ཞིང་ཆེན་སྲིད་གྲོས་ཀྱིས་སྒྲིག་སྲོལ་ལྟར་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཕན་པའི་བྱ་བ་སྣ་ཚོགས་སྤེལ་བར་རྒྱབ་སྐྱོར་བྱེད་པ། སྲིད་གྲོས་ཀྱི་རིམ་པ་སོ་སོའི་ལས་བྱེད་པར་སེམས་ཁུར་བྱས་ཏེ། ང་ཚོས་མཉམ་དུ་སྟོབས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་འདོན་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།