རིག་རྩལ་བྱ་འགུལ་མི་འདྲ་བ5ཡིས་མང་ཚོགས་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་འབྲེལ་ཡོད་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། 2019ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཁྲོད། ཞིང་ཆེན་རིག་རྩལ་རྩ་འཛུགས་ཀྱིས་ཁྱད་ཆོས་ལྡན་པའི་རིག་རྩལ་བྱ་འགུལ་མི་འདྲ་བ5འཁྲབ་སྟོན་དང་འགྲེམས་སྟོན་བྱེད་པའི་བྱ་འགུལ་སྤེལ་ནས། རང་ཞིང་གི་ཡུལ་སྐོར་འགྲུལ་བ་དང་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སྐྱིད་ཉམས་མྱོང་ལོངས་སུ་སྤྱད་དེ་རིག་གནས་ཡུལ་སྐོར་གྱི་བཅོས་སྒྱུར་འཕེལ་རྒྱས་དང་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

2019ལོར་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱིས་མཚོ་སྔོན་རོལ་དབྱངས་འོད་འཚེར་བྱ་འགུལ་སྤེལ་བ་དང་། ཡུལ་སྐོར་གྱི་དུས་ཆེན་སྐབས་སུ་ཟི་ལིང་གི་ཞིན་ཉིན་ཐང་ཆེན་དང་མཚོ་བྱང་གི་རྡུལ་ཕྲན་མཁར་གྱི་རྗེས་དྲན་ཁང་། རྨ་འབྲི་རྫ་གསུམ་ས་ཁུལ། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་སོགས་སུ་རོལ་དབྱངས་འཁྲབ་སྟོན་གྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ཏེ། མཛེས་སྡུག་གི་མཚོ་སྔོན་གོམ་སྟབས་ཆེན་པོས་དྲིལ་སྒྲོག་དང་མཚོ་སྔོན་གསར་བའི་སྙིང་སྟོབས་འགྲེམས་སྟོན། མཚོ་སྔོན་གསར་བའི་སྣང་བརྙན་བཅས་གསར་འཛུགས་བྱེད་རྒྱུ་ཡིན་པ་རེད།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མཛེས་རིས་ཡིག་གཟུགས་འགྲེམས་སྟོན་བྱས་པ་དང་། ཚད་གཞི་མཐོན་པོའི་འགྲེམས་སྟོན་ལ་བརྟེན་ནས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་རྒྱུན་རིང་བོའི་མི་རིགས་ཀྱི་རིག་གནས་ཡང་འགྲེམས་སྟོན་བྱས་ཤིང་། མཚོ་སྔོན་གྱི་ཡུལ་སྐོར་མཚན་སྙན་དང་གཟི་བརྗིད་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མཚོ་སྔོན་ངའི་ཕ་ཡུལ་དང་མི་དམངས་ཀྱི་ཆེད་ལ་གྱེར་འདོན་བྱ་འགུལ་སྤེལ་བ་རེད། 《མཚོ་སྔོན་ངའི་ཕ་ཡུལ》ཞེས་པའི་ཁྲོད་དུ་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་དང་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་ཀྱི་རང་ཞིང་གི་གསར་རྩོམ་འཁྲབ་གཞུང་ཕུལ་བྱུང་ཡང་བསྡུ་རུབ་བྱས་ཏེ། སྨྱན་བྱེད་ཡོད་ཚད་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གྲུབ་འབྲས་འབོར་ཆེན་བླངས་པ་དང་མི་སེམས་འགུལ་བའི་བྱ་གཞག་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རྣམས་ཀྱིས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོ་འཆད་པར་སྐུལ་འདེད་བྱས་ཡོད།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་གླུ་གར་དགོང་ཚོགས་སྟེང་དུ་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས་ལ་བརྟེན་ནས་ལོ་ངོ70ཡི་རིང་གི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་ཧུར་བརྩོན་དང་བློ་བརྟན་འགྱུར་མེད། རང་སྟོབས་ཉམས་མེད་བཅས་ཀྱི་སྙིང་སྟོབས་མངོན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་སེམས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ངར་ཤུགས་སྐུལ་སློང་བྱས་ཡོད། རིག་གནས་ཡུལ་སྐོར་དུས་ཚིགས་སུ་འགྲེམས་སྟོན་བྱ་འགུལ་རབས་དང་རིམ་པ་སྤེལ་ཏེ། སྤུས་ཚད་དང་ཆུ་ཚད་མཐོན་པོའི་མཛེས་རིས་ཡིག་གཟུགས་མི་འདྲ་བ་གང་མང་ཞག་འགྲེམས་སྟོན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།