ཡ་རྫི་རྫོང་གི་གསོ་སྤེལ་ལས་གཞི་ཡིས་དབུལ་ཐར་ལ་རམ་འདེགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ད་ལོར། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས“དུད་ཚང་ལ་ཕྱུག་འགྱུར་ལས་གཞི་ཡོད་པ་དང་། གྲོང་ཚོར་ཁྱད་ལྡན་ཐོན་ལས་ཡོད་པ། ཤང་ལ་གཙོ་ཁྲིད་ཐོན་ལས་ཡོད་པ”བཅས་ཀྱི་དམིགས་ཚད་གཞིར་བཟུང་ནས། “ལས་གཞི་གྲོང་ཚོར་ཁྱབ་པ་དང་ཕན་འབྲས་དུད་ཚང་ལ་ཁྱབ་པའི”རྩ་དོན་མཐའ་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་ཞིང་སྤེལ་ཐེབས་རྩའི་དངུལ་བུན་ཕྱུགས་རིགས་གསོ་སྤེལ་ལས་གཞི450ལག་བསྟར་བྱས་ནས། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་སྲ་བརྟན་དང་མཐོར་གཏོང་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

ཡ་རྫི་རྫོང་གིས་རྒྱལ་སྤྱིའི་ཞིང་སྤེལ་ཐེབས་རྩའི་དངུལ་བུན་དང་ཕྱུགས་རིགས་གསོ་སྤེལ་ལས་གཞི་བསྟུད་མར་ལག་ལེན་བསྟར་ནས་ལོ་གསུམ་རིང་དུ། རིམ་རྩིས་བྱས་ན་འབྲོག་ལས་གསོ་སྤེལ་ལས་གཞི804ལེགས་གྲུབ་བྱུང་བས། ལས་གཞི་དུད་ཚང་གི་གསོ་སྤེལ་ཧུར་སེམས་ཆེ་རུ་ཕྱིན་པ་དང་། ལས་གཞི་དུད་ཚང་གི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད་ཅིང་། མཐའ་འཁོར་གྱི་ཞིང་དུད་ཀྱི་ལས་གཏོད་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ཡོད་པ་རེད།

ད་ལོར། ཡ་རྫི་རྫོང་གིས་ཞིང་དུད་དེ་དག་ལ་གཟན་རྩྭ་སྤྱི་ཆིང1འདེབས་འཛུགས་དང་། སྨི་གྲུ་བཞི་མ70ཟིན་པའི་ཕྱུགས་ར1གསར་སྐྲུན་བྱས་པ་དང་། མ་མོ6ཉོས་པ་དང་འབྲེལ་ཞིང་དུད་ཟབ་སྦྱོང་ཡང་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།