རང་རེའི་ཞིང་ཆེན་གྱི་སྨན་ཁང་བཅུ་ན་ཟུག་མེད་པར་ཕྲུ་གུ་སྐྱེ་བའི་ཚོད་ལྟའི་སྨན་ཁང་དུ་གྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བར་གནས་ཚུལ་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཕྲུ་གུ་སྐྱེ་དུས་ན་ཟུག་གཅོག་ཐད་དམིགས་ཏེ། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སྨན་ཁང་སྐོར་ཁག་དང་པོའི་མིང་ཐོ་གཏན་འཁེལ་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང10བདམས་པ་རེད། ད་སྔ་ཕྲུ་གུ་སྐྱེ་དུས་ན་ཟུག་གཅོག་པའི(ན་ཟུག་མེད་པར་ཕྲུ་གུ་སྐྱེ་བ)ཚོད་ལྟའི་ལས་དོན་དེ་རང་རེའི་ཞིང་ཆེན་གྱི་སྨན་ཁང་10རུ་སྤེལ་ཡོད་པ་རེད།འདི་ནི་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད། 

མཚོ་སྔོན་ཞིང་ཆེན་དུ་གཏན་འཁེལ་བྱས་པའི་ན་ཟུག་མེད་པར་ཕྲུ་གུ་སྐྱེ་སའི་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སྨན་ཁང་སྐོར་ཁག་དང་པོ་ནི། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་བཅས་སྨན་ཁང10རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྦྲིད་སྨན་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞུའེ་ཅུན་ལས་ཤེས་རྟོགས་བྱུང་བ་ནི། སྦྲུམ་མ་སུར་མཚོན་ན་ཡང་། ཕྲུ་གུ་བཙའ་བའི་ན་ཟུག་ནི་སེམས་ཁྲལ་ཆེ་ལ་སྐྲག་སྣང་སྐྱེ་བའི་དོན་ཞིག་ཡིན་པ་རེད། དེང་རབས་གསོ་རིག་ལག་རྩལ་དང་བུ་བཙའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཕྱིན་ཆད་བང་མར་ཕྲུ་གུ་བཙའ་བའི་སྐབས་ཀྱི་ན་ཟུག་ཇེ་ཆུང་དུ་གཏོང་ཐུབ། རྒྱུན་དུ་བཤད་པའི“ན་ཟུག་མེད་པར་ཕྲུ་གུ་བཙའ་བ”ཞེས་པ་གསོ་རིག་གི་ངོས་ནས“ཕྲུ་གུ་སྐྱེ་དུས་ན་ཟུག་གཅོག་པ”ཟེར་བ་ཡིན་ལ། དོན་དུ་ཐབས་ཤེས་སྣ་ཚོགས་སྤྱད་ནས་བང་མར་ཕྲུ་གུ་སྐྱེ་བའི་སྐབས་ཀྱི་ན་ཟུག་ཇེ་ཆུང་དུ་གཏང་ཐུབ་པ་ལ་ཟེར། ཕྲུ་གུ་སྐྱེ་དུས་ན་ཟུག་འཇོམས་པའི་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ནི་སྟབས་བདེ་ཞིང་བདེ་འཇགས་འཐུས་ཚང་གི་ལག་རྩལ་ཞིག་ཡིན། བང་མས་ཕྲུ་གུ་སྐྱེ་བའི་གོ་རིམ་ཁྲོད། འབྲེལ་ཡོད་ཀྱི་ཉེན་ཁའི་གནས་ཚུལ་གང་ལེགས་ཤེས་པར་མ་ཟད་མིང་རྟགས་བཀོད་ནས་འཐད་པ་བྱུང་རྗེས། སྦྲིད་སྨན་སྨན་པས་ཕྲུ་གུ་སྐྱེ་བའི་ན་ཟུག་གཅོག་ཐབས་ཀྱི་སྨན་བཅོས་ལག་རྩལ་ལག་བསྟར་བྱས་ཆོག དེར་ཡང་འཛེམ་བྱའི་ནད་ཡོད་པའི་སྦྲུམ་མ་སོགས་ཀྱིས་ཕྲུ་གུ་བཙའ་དུས་ན་ཟུག་གཅོག་མི་རུང་། 

ཁོན་ཐར་འཚོས་བསྒྱུར།