མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོས་ནས་ལྗང་མདོག་བདེ་ཐང་གི་གཞིས་ཁྱིམ་བསྐྲུན།

མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་ལས་འགུལ་མགོ་བརྩམས་པ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་སྤྱི་ཚོགས་ལས་རིགས་སོ་ སོའི་མི་སྣ་ལ་སྐུལ་སློང་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་བྱ་བ་གནད་དུ་བཟུང་ནས་ལོ་དུ་མའི་རིང་གི་གད་སྙིགས་མེད་པར་བཟོ་བ་དང་ཁྱོན་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

ཁོར་སྲུང་བས་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།

ཡུལ་གྲོང་རྣམ་པ་ལེགས་བསྒྱུར་དང་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་ ཆེད།རྨ་ཆེན་རྫོང་གིས་ན་ནིང་ནས་བཟུང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ ཇུས་གོ་སྐབས་དམ་དུ་བཟུང་ནས་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་མཉམ་འབྲེལ་སྒོས་དམིགས་འབེན་འཆར་གཞི་ཡོད་པ་དང་བྱེད་ཐབས་ལག་བསྟར་བྱས་ནས་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་བྱ་བ་རབ་དང་རིམ་པ་བསྒྲུབས་ནས་ཁྱིམ་ཚང་དང་སྡེ་བ།དགོན་པ་དང་ཡུལ་གྲོང་། རྫོང་མཁར་བཅས་བདེ་སྐྱིད་ལྡན་ལ་གད་སྙིགས་མེད་པའི་དཔེ་ལེགས་རྫོང་མཁར་འཛུགས་སྐྲུན་གྱི་ལས་འགུལ་སྤེལ་བ་རེད། རྨ་ཆེན་རྫོང་གི་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་ཆེད་དོན་བཅོས་སྐྱོང་ལས་འགུལ་གྱི་ཁྲོད་དུ། གོང་འོག་མཉམ་འབྲེལ་དང་ཕྱི་ནང་མཉམ་རུབ། དམངས་ ཡོངས་ཐེ་ཞུགས་ཀྱིས་མཁར་གྲོང་ཡུལ་སྡེའི་རྣམ་པར་མཚར་སྡུག་བསྣན་པ་ཡོད་ལ། ཁོར་སྲུང་ཉིན་མོ་དང་རང་འདུན་ཞབས་ཞུ་སོགས་ཀྱི་བྱ་འགུལ་བརྒྱུད་ནས་སྲང་ལམ་རེ་རེ་དང་ཆུ་རྐ་རེ་རེ་བཞིན་དུ་རྒྱུན་པར་གཙང་སྦྲ་བྱས་པས་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་ཚད་གཞི་ཞིག་དང་ལམ་ལུགས་ཤིག་ཏུ་འགྱུར་བ་རེད།དུས་དེ་རིང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་འབད་བརྩོན་བརྒྱུད་རྨ་ཆེན་རྫོང་གི་ཕྱི་ནང་གི་ཁོ་ར་ཁོར་ཡུག་ཀུན་ལ་སྔ་ན་མེད་པའི་མཛེས་ཉམས་དོད་འདུག

ཁོར་ཡུག་གཙང་སྦྲ་ནི་མང་ཚོགས་ཀྱི་འཚོ་བ་དང་དམ་དུ་འབྲེལ་ཡོད་ལ་གྲོང་ཁྱེར་ཞིག་གི་རིག་གནས་བསམ་བློའི་མངོན་ཚུལ་ཞིག་ཀྱང་ཡིན།གྲོང་ཁྱེར་གྱི་ཁོར་ཡུག་ལ་མཛེས་བཟོ་བྱས་ནས་གྲོང་ཁྱེར་གྱི་ཚད་གཞི་ཇེ་མཐོར་གཏོང་ཆེད་རྨ་ཆེན་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་ བསྡུས་ཁྲིམས་བསྟར་ལས་ཁུངས་ཀྱིས་ཁོར་སྲུང་བ༡༤༠དང་རླངས་འཁོར༢༦རྩ་འཛུགས་བྱས་པ་དང་།དྲིལ་སྒྲོག་ཡིག་ཆ༢༠༠༠བཀྲམས་ནས་ལས་གཞི་འདི་ཉིད་གོ་རིམ་ལྡན་པའི་ངང་ནས་སྤེལ་བར་ཁག་ཐེག་བྱས།

གསར་འགོད་པ། ཀླུ་དབང་།