གཟོབས་ཤིག ཟི་ལིང་ནས་སྟོང་སྐོར་བར་གྱིG6མྱུར་ལམ་བཀག་སྡོམ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། G6མྱུར་བགྲོད་གཞུང་ལམ(ཧའེ་ཧོའུ་འདྲེས་མདོ་ནས་སྟོད་པའི་ལམ་ཁྲལ་བསྡུ་ཚིགས)ཞིག་གསོའི་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་ལེན་བྱ་ཆེད།པེང་ཅིང་ནས་ལྷ་སའིG6མྱུར་བགྲོད་གཞུང་ལམK1819+400ནསK1848+000བཀག་སྡོམ་ཨར་ལས་བྱ་རྒྱུ་རེད། ལས་གཞི་ལག་བསྟར་བཀོད་སྒྲིག་སྡོམ་པའི་དུས་རིམ་གཉིས་སུ་བགར་ནས་བཀག་སྡོམ་བྱ་རྒྱུ་ཡིན་པས། ལག་གཞི་ལག་བསྟར་སྐབས་སུ་བགྲོད་ལམ་བཀག་སྡོམ་དང་རླངས་འཁོར་འགྲོ་འོང་སོགས་ཀྱི་འགྲིམ་འགྲུལ་དོ་དམ་ལམ་ལུགས་བྱེད་ཐབས་ཐད་ཀྱི་བརྡ་སྦྱོར་གཤམ་གསལ་ལྟར།

གཅིག བཀག་སྡོམ་དུས་ཚོད།

དུས་རིམ་དང་པོ། 2019ལོའི་ཟླ4པའི་ཚེས8ཉིན་གྱི་དུས་ཚོད0ནས2019ལོའི་ཟླ5པའི་ཚེས12ཉིན་གྱི་དུས་ཚོད24བར།

དུས་རིམ་གཉིས་པ། 2019ལོའི་ཟླ5པའི་ཚེས13ཉིན་གྱི་དུས་ཚོད0ནས2019ལོའི་ཟླ6པའི་ཚེས15ཉིན་གྱི་དུས་ཚོད24བར། (གལ་ཏེ་གནམ་གཤིས་ཀྱིས་ཤུགས་རྐྱེན་ཐེབས་ཚེ་ལས་གཞིའི་དུས་ཡུན་ཇེ་རིང་དུ་གཏོང་ངེས།)

གཉིས། ལམ་ཚིགས་བཀག་སྡོམ་དང་འགྲོ་འོང་ཐད་ཀྱི་གསལ་བརྡ།

དུས་རིམ་དང་པོ། ཟི་ལིང་ནས་སྟོང་སྐོར་ཕྱོགས་ཀྱི(ཧའེ་ཧོའུ་འདྲེས་མདོ་ནས་སྟོད་པའི་ལམ་ཁྲལ་བསྡུ་ཚིགས)མྱུར་ལམ་སྟེ། ཧའེ་ཧོའུ། ཞིས་ཀང་། ཧྲང་པཱ་ལིང་དང་སྟོད་པ(海湖、西钢、上巴浪、多巴)ནས་སྟོང་སྐོར་ཕྱོགས་ཀྱི་ཕུག་ལམ་གྱི་མཛུལ་སྒོའི་བར་དུ་བཀག་སྡོམ་བྱ་རྒྱུ་རེད། ཟི་ལིང་ནས་སྟོང་སྐོར་ལ་འགྲོ་བའི་རླངས་འཁོར་དག་རྒྱལ་ལམ109དང་རྒྱལ་ལམ0612། ཟི་ལིང་གི་ལྷོ་སྐོར་མྱུར་ལམ་བཅས་སྐོར་ནས་འགྲོ་དགོས།

དུས་རིམ་གཉིས་པ། སྟོང་སྐོར་ནས་ཟི་ལིང་ཕྱོགས་ཀྱི(ཟི་ལིང་ནུབ་མའི་ལམ་ཁྲལ་བསྡུ་ཚིགས་ནས་ཧའེ་ཧོའུ་འདྲེས་མདོ)མྱུར་ལམ་བཀག་སྡོམ་བྱ་རྒྱུ་རེད། སྟོང་སྐོར་ནས་ཟི་ལིང་ལ་འགྲོ་བའི་རླངས་འཁོར་དག་རྒྱལ་ལམ109དང་རྒྱལ་ལམ0612། ཟི་ལིང་གི་ལྷོ་སྐོར་མྱུར་ལམ་བཅས་སྐོར་ནས་འགྲོ་དགོས།

མཚོ་སྔོན་ཞིང་ཆེན་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་དོ་དམ་ཅུའུ།

མཚོ་སྔོན་ཞིང་ཆེན་གཞུང་ལམ་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཁག

མཚོ་སྔོན་ཐེན་ལུའུ་འགྲིམ་འགྲུལ་བཟོ་སྐྲུན་འཛུགས་སྐྲུན་ཚད་ཡོད་འགན་ལེན་ཀུང་ཟི།

2019ལོའི་ཟླ4པའི་ཚེས1ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།